ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་སྙེ་མོ་རྫོང་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་གླུ་གར(གཞས་མ་གཏམ)ཚོགས་པས་སྙེ་མོ་རྫོང་སྒྱུ་རྩལ་ཚོགས་པ་དང་མཉམ་དུ་གཉེར་བའི་2020ལོའི“ང་ཚོའི་ཀྲུང་གོའི་ཕུགས་འདུན”གྱི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་པའི་གཞི་རིམ་དུ་སྐྱོད་པའི་བྱེད་སྒོའི་ཚོགས་ཆུང་གིས་སྙེ་མོ་རྫོང་དར་རོང་གྲོང་རྡལ་དྲིན་སྐྱོང་གྲོང་ལྷན་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད།

སྙེ་མོ་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་འཁྲབ་སྟོན་བྱས་པའི《ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས》ཞེས་པ་ལས་འཁྲབ་སྟོན་འགོ་ཚུགས་ཤིང་། ལྷ་ས་གྲོང་ཁྱེར་གླུ་གར(གཞས་མ་གཏམ)ཚོགས་པའི་འཁྲབ་སྟོན་པ་སྐལ་བཟང་གཡང་སྒྲོན་གྱིས་བཏང་བའི་གླུ་གཞས《གཏམ་བཟང》དང《བཀྲ་ཤིས་ལོ་གསར》ཞེས་པས་མི་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགའ་ཞེན་དང་ལོ་གསར་གྱི་སྨོན་འདུན་བཟང་པོ་མཚོན་པ་དང་། འཁྲབ་ཚན་ཐུང་ངུ《སློབ་གཉེར》ཞེས་པས་དགོད་བྲོ་བའི་འཁྲབ་སྟོན་དང་དོན་སྙིང་ཟབ་མོར་བརྟེན་ནས་མང་ཚོགས་ལ་བཞད་གད་ཡང་ཡང་བསླངས་ལ། ཁྱོན་ལེ་ཚན་12འཁྲབ་སྟོན་བྱེད་རིང་། ལྟད་མོ་བ་ཚོས་དགའ་བསུ་ཚད་མེད་ཞུས་ཤིང་དགའ་འབོད་ཡང་ཡང་བྱས་པ་དང་། སྐབས་འགར་མང་ཚོཌ་ཁག་གཅིག་གིས་གར་སྟེགས་སུ་བསྐྱོད་ནས་འཁྲབ་སྟོན་པར་དཀར་གཙང་ཁ་བཏགས་གཡོགས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།