ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“ཏང་གི་སློབ་ཚན་ཐུང་ངུའི”བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་། དེ་བཞིན“མིག་དཔེ་གསུམ་དང་དཔེ་བཟང་གཅིག”གི་བརྗོད་དོན་གཙོ་བོའི་ནང་དོན་ལ་གཞིགས་ཏེ། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས“ཏང་གི་སློབ་ཚན་ཐུང་ངུའི”བྱེད་སྒོ་སྤེལ་ནས། ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་སློབ་གསོར་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།

“ཏང་གི་སློབ་ཚན་ཐུང་ངུའི”བྱེད་སྒོས་སྔ་བར་ཕྱི་གསུམ་དུ་ཏང་གི་སློབ་ཚན་དུ་ཡོད་པའི“བརྒྱ་བཤད་སྟོང་གླེང”དང“འགོ་ཁྲིད་ཀྱིས་ཤོད་རྐྱང་དང་གཤམ་འོག་ཏུ་ཉན་པའི”རྣམ་པར་འགྱུར་ལྡོག་བཏང་སྟེ“སྡོད་ཐུབ་པ་དང་། སེམས་ལ་ཟུག་པ། མྱོང་ཚོར་ཟབ་པ”བཅས་ཕྱོགས་སྟོན་དུ་བྱས་ནས་ཏང་ཡོན་དང་ལས་བྱེད་པ་དཀྱུས་མ་རང་འགུལ་ངང་བཤད་སྟེགས་སུ་སྐྱོད་པར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་ཀྱི་ཡོད། སྐར་མ་5ཙམ་གྱི་དུས་ཚོད་སྤྱད་དེ་བློ་མཐུན་གཞན་དང་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་དང་བློ་སེམས་གཅིག་གཏད་ཀྱིས་སྤེལ་རེས་བྱས་པས། སློབ་ཁྲིད་བྱེད་མཁན་གྱི་ཏང་ཡོན་ཚོས་རང་འགུལ་ངང་སློབ་སྦྱོང་དང་། རང་ངོས་ངོམ་སྟོན། ངོས་འཛིན་མཐོར་གཏོང་བཅས་ཀྱི་དམིགས་ཚད་དུ་སླེབས་ཡོད། “ཏང་གི་སློབ་ཚན་ཐུང་ངུའི”ཁྲོད་ལ་ལས་བསམ་བློའི་དོན་དངོས་ལ་དམིགས་ཏེ་ངོས་འཛིན་དང་མྱོང་ཚོར་གླེང་བ་དང་། ལ་ལས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་དང་གྲུབ་འབྲས་གླེང་བ། ལ་ལས་ལས་གནས་ལ་གཞིས་ཚུགས་ཏེ་གནད་དོན་འཚོལ་བ་དང་ལེགས་བཅོས་གླེང་བ་བཅས་བྱས་པས་རང་འགུལ་སློབ་སྦྱོང་དང་། ལྟ་ཚུལ་མཉམ་སྤྱོད། ཏང་གཤིས་བློ་སྦྱོང་། འཇོན་ཐང་ཆེར་གཏོང་བཅས་ཀྱི་ཕན་འབྲས་མང་པོ་ཐོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།