གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ཡིས“གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་དང་བཅོས་སྒྲིག”གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁྲིམས་ལུགས་དྲིལ་བསྒྲགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི《“གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་དང་བཅོས་སྒྲིག”གི་གཅིག་སྡུད་དྲིལ་བསྒྲགས་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ཡིས“གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་དང་བཅོས་སྒྲིག”གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

དྲིལ་བསྒྲགས་བྱ་ཡུལ་དུ་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ཡི་ལས་དོན་མི་སྣས་དྲིལ་བསྒྲགས་ནག་པང་ཚགས་པར་བཏོན་པ་དང་། འབྲེལ་ཡོད་ཀྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། མང་ཚོགས་ཚོར་སེམས་རྩ་འཁོལ་པོས་གསལ་འགྲེལ་བྱེད་པ། མང་ཚོགས་ཀྱི་བློ་འདྲི་དང་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱ་ཆེའི་མང་ཚོགས་ཚོར་ཇི་ལྟར་བྱས་ཏེ་དྲ་རྒྱའི་ཁ་བསླུས་གསར་པའི་རྒྱུན་མཐོང་གི་བྱས་ཉེས་གསོག་སྟངས་དང་དེ་བཞིན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་དགོས་པའི་ཤེས་བྱ་གསལ་འགྲེལ་བྱས་ནས་མང་ཚོགས་ཚོའི་དོགས་གནད་སེལ་བ་དང་འབྲེལ། མང་ཚོགས་ཚོར་ཁ་བསླུས་འགོག་པའི་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་དྲན་སྐུལ་ཡང་བྱས་པ་རེད།

དྲིལ་བསྒྲགས་བྱས་པ་བརྒྱུད། རྒྱ་ཆེའི་མང་ཚོགས་ཚོའི་གློག་འཕྲིན་ཁ་བསླུས་སྔོན་འགོག་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། དམངས་ཡོངས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་དང་བཅོས་སྒྲིག་་ནང་ཞུགས་པའི་སྤྱི་ཚོགས་རྣམ་པ་ཟབ་མོ་ཞིག་ཆགས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།