མངའ་རིས་ས་ཁུལ་ཁྲལ་དོན་ཅུའུ་ཡིས་ཁྲལ་དོན་ཁེ་ལས་མཉམ་སྐྲུན་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་རིང་། མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱིས“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་པ་དང་། “བྱ་སྤྱོད་དྲུག”གི་བླང་བྱ་དང་ཟུང་འབྲེལ་བྱེད་པ། “ཕྱོགས་གང་ས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི”ལས་ཀའི་ལམ་སྲོལ་གཞིར་བཟུང་དང་། མིག་སྔའི་མངའ་རིས་ཀྱི་ཁྲལ་བསྡུའི་ལས་དོན་དང་ཟུང་འབྲེལ་བྱེད་པ། བརྗོད་དོན་སློབ་གསོ་དང་ཁྲལ་དོན་དང་ཁེ་ལས་མཉམ་སྐྲུན་གྱིས་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁྲལ་དོན་དང་ཁེ་ལས་ཀྱི“ཉེ་གཙང”ཞི་མཐུན་འབྲེལ་བ་འཛུགས་རྒྱུར་གཞོལ་ཡོད།

ཁྲལ་དོན་དང་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་སུ་གྲོས་བསྡུར་བྱས་ཤིང་། མངའ་རིས་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་དེ་བཞིན་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྟག་ཞིབ་གཏིང་ཟབ་དང་རྒྱ་ཁྱབ་བྱེད་པ། ཁེ་ལས་དང་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་གྲོས་བསྡུར་བྱེད་པ། ཁེ་ལས་ལ་ཁྲལ་དོན་གྱི་ཇུས་གཞི་སྐྱེལ་བ་བཅས་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ལ་ཁྲལ་བསྡུའི་སྟོབས་ཤུཌ་སྐྱེས་སུ་ཕུལ་ཡོད།

ཁྲལ་དོན་དང་ཁེ་ལས་ཀྱིས་ཏང་གི་སློབ་ཚན་མཉམ་དུ་ཉན་ཞིང་། མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱིས་ལས་རིགས་ཁག་གི་ཁེ་ལས་ཀྱི་འཐུས་མི་དང་དེ་བཞིན“རྩ་འཛུགས་གསར་པ་གཉིས”ཀྱི་དུད་ཚང་གཅིག་གི་ཁྱོན་མི100ལྷག་ཙམ་གདན་ཞུ་བྱས་ཏེ། “ཁྲལ་དོན་དང་ཁེ་ལས་སྤེལ་རེས་བྱས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་མཚོན་པའི”སྒྲོག་འགྲེལ་བྱེད་སྒོ་མཉམ་དུ་སྤེལ་ཡོད། ས་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གདན་དྲངས་ཏེ། “ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི”ཞེས་པ་འགོ་བརྗོད་དུ་འཁོད་པའི་ཟུར་ཁྲིད་སྙན་ཞུའི་ཐོག་ནས་ཁྲལ་དོན་གྱི་ལས་བྱེད་པ་དང་ཁྲལ་འཇལ་བར་གསོན་ཉམས་དོད་པའི་ཐོག་མའི་བསམ་འདུན་གྱི་སློབ་གསོའི་སྟོན་མོ་ཞིག་བཤམས་པ་རེད།

ཁྲལ་དོན་དང་ཁེ་ལས་ཀྱི་ཀྲི་པུས་མཉམ་དུ་བྱ་སྤྱོད་སྤེལ་ཞིང་། ཁྲལ་དོན་དང་ཁེ་ལས་དབར་གླེང་མོལ་མཉམ་སྐྲུན་གྱི་ལས་སྟེགས་ཧུར་ཐག་བཏོད་དེ། ཁྲལ་འཇལ་ཞབས་ཞུ་ལེགས་སུ་གཏོང་བ་དང་ཁྲལ་འཇལ་བའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་དེ་འགོ་འཛུགས་སར་བྱས་ནས་རིམ་གཉིས་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་དོན་དང་ཁེ་ལས་ཀྱི་མཉམ་སྐྲུན་བྱེད་སྒོ་སྤེལ་བ་རེད། མིག་སྔའི་བར། ཅུས་དེའི་ཏང་ཀྲི་པུའུ་9ཡིས་ཁེ་ལས་10དང་མཉམ་དུ་ཀྲི་པུའུ་མི་འདྲ་བའི་དབར་གྱི་སྤེལ་རེས་དང་མཉམ་སྐྲུན་ལས་དོན་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།