བོད་ལྗོངས་ཀྱི་གློག་དྲ་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས142གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་ཟིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟི་དང་བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་གནས་ཚུལ་གྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་བ་དང་། ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་སླར་གསོ་བྱེད་པ། ཁེ་ལས་ཐོན་སྐྱེད་སླར་གསོ་བྱུང་བར་སྐུལ་འདེད་གཏོང་བ་སྐོར་གྱི་འབྲེལ་ཡོད་བླང་བྱ་དང་བཀོད་སྒྲིག་དངོས་འབེབས་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བོད་ལྗོངས་གློག་དྲའི་འཛུགས་སྐྲུན་ལས་གཞི་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་བྱེད་པར་སྐུལ་འདེད་བཏང་བ་རེད། 

1582681079181817.jpg

བོད་ལྗོངས་གློག་དྲའི་ལས་བྱེད་མི་སྣས་ལས་གཞི་ལག་བསྟར་བྱེད་བཞིན་པ།

ཟླ2པའི་ཚེས23ཉིན་བར་བོད་ལྗོངས་མངའ་རིས་དྲ་སྦྲེལ་ལས་གཞི་དང་བོད་ལྗོངས་ཀྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བོའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞི་སོགས་གཙོ་གནད་གློག་དྲ་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས142བསྐྱར་སྐྲུན་བྱས་ནས་ཟླ2པའི་ཟླ་མཇུག་བསླེབ་སྐབས་རྣམ་གྲངས75%བསྐྱར་སྐྲུན་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད། 

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་མི་སྣས་བཤད་རྒྱུར། གོམ་སྟབས་རྗེས་མར་ཁོང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་གློག་དྲ་འཛུགས་སྐྲུན་གྱི“ཕྱོགས་གཉིས་དམ་འཛིན་དང་གཉིས་ཀར་འཐུས་ཤོར་མི་འགྲོ་བའི”རྩ་དོན་གཞིར་བཟུང་སྟེ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་མཐུན་སྦྱོར་རྩ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པ་དང་། བབ་བསྟུན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སླར་གསོ་རྣམ་གྲངས་ཀྱི་རིམས་འགོག་དོ་དམ་བྱ་བ་ལེགས་པོར་སྒྲུབ་པ། དེ་མིན་ལས་གཞི་ལས་བསྟར་ལས་ཁུངས་ཀྱི་འགུལ་རྣམ་དོ་དམ་དང་དངོས་ཟོག་མཁོ་སྤྲོད་འགན་སྲུང་ལ་ཤུགས་སྣོན་རྒྱབ་སྟེ། ལས་གཞི་ལག་བསྟར་ཁོར་ཡུག་བཟང་པོ་སྐྲུན་ནས་དུས་བཀག་ལྟར་གློག་དྲའི་ལས་གཞི་འཛུགས་སྐྲུན་དམིགས་འབེན་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱ་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།