ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རིགས་འབྱེད་དོ་དམ་ཁེ་ལས49ཡི་ཐོན་སྐྱེད་སླར་གསོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་རིང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཁེ་ལས་ཀྱི་ལས་བཟོ་བ་རང་ངོས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཁེ་ལས་སོ་སོ་ཡང་བསྐྱར་ཐོན་སྐྱེད་བྱེད་འགོ་བརྩམས་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་། དེའི་ཁྲོད་དམངས་འཚོ་འགན་སྲུང་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མྱུར་མཁོའི་ཁེ་ལས་དུས་ཐོག་ཏུ་ཐོན་སྐྱེད་བྱེད་འགོ་བརྩམས་པ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས་དང་དངོས་ཚན་ཐོན་སྐྱེད་རྣམ་པའི་ཁེ་ལས་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་བཏང་། མི་ཚོགས་ཆེ་བའི་ཞབས་ཞུའི་རིགས་ཀྱི་ལས་རིགས་གནས་སྐབས་སུ་ནར་འགྱངས་བྱས་ཏེ་ལས་འགོ་ཚུགས་རྒྱུ་རེད། 

ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཁེ་ལས་ཀྱིས་རིམས་འགོག་བདེ་འཇགས་ཐོན་སྐྱེད་འགན་སྲུང་ཡག་པོ་བྱེད་པ་དང་རིམ་པ་བཞིན་སྙན་སེང་ཐོ་འགོད་བྱེད་པའི་རྨང་གཞིའི་ཐོག་གླིང་ཁུལ་གྱིས་ཁེ་ལས་རིགས་གསུམ་ལ་དབྱེ་ནས་རིགས་འབྱེད་དོ་དམ་བྱ་རྒྱུ་སྟེ། དེ་དག་སོ་སོར་ལྟར་དམངས་འཚོ་འགན་སྲུང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཕྲལ་མཁོ་ཆེ་བའི་ཁེ་ལས་དག་དུས་ཐོག་ཏུ་ཐོན་སྐྱེད་སླར་གསོ་བྱས་ནས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱ་རྒྱུ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས་དང་དངོས་ཚན་ཐོན་སྐྱེད་རྣམ་པའི་ཁེ་ལས་བརྟན་རླིང་གོ་རིམ་ལྡན་པའི་ངང་ནས་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གསུམ་ནི་རོལ་རྩེད་ཁང་སོགས་མི་སྣ་འདུ་འཛོམས་ཆེ་བའི་ཞབས་ཞུའི་རིགས་ཀྱི་ལས་རིགས་ཡིན་ཞིང་། ཁེ་ལས་དེ་དག་ལས་འགོ་བསྐྱར་ཚུགས་བྱེད་པར་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ནས་གནས་སྐབས་ནར་འགྱངས་བྱས་ཏེ་ལས་འགོ་ཚུགས་རྒྱུ་དེ་ཡིན། ཚེས20ཉིན་བར་དུ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་ལས49ལས་འགོ་ཚུགས་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།