སྔོ་ཚལ་མཁོ་སྤྲོད་འདང་ངེས་བྱུང་བ།

c6fa0bff-3e10-46be-bbc0-4fd812ec1a5c.jpg.1.jpg

འདི་ནི་ལྷ་སའི་སྒོ་རྩིས་ཚོང་ཁང་ནང་གྲོང་མིས་སྔོ་ཚལ་འདེམས་ཉོ་བྱེད་བཞིན་པ། 

c1736b1a-d71d-46df-8832-54cb014f4d27.jpg.1.jpg

འདི་ནི་རིག་ནུས་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་འདེབས་འཛུགས་པས་སྔོ་ཚལ་སོས་པ་འཐུ་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ཐང་སྨད་གྲོང་ཚོའི་སྔོ་ཚལ་དཔེ་སྟོན་རྟེན་གཞིའི་རྒྱ་ཁྱོན་ལ་མུའུ650ཡོད་པ་དང2019ལོར་སྔོ་ཚལ་ཏུན650ཐོན་སྐྱེད་བྱས་པར་ཐོན་རྫས་རིན་ཐང་སྒོར་ཁྲི500ལྷག་ཙམ་ཟིན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་རྟེན་གཞི་དེས་ཐོན་སྐྱེད་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ལ་གཅིག་སྡུད་ཐོག་མཁོ་འདོན་བྱས་ཏེ་གྲོང་མི་ཚོའི་འཕྲལ་མ་ཉིད་དུ་བློ་བདེའི་སྔོ་ཚལ་བཟའ་ཐུབ་རྒྱུར་འགན་ལེན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།