ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི“ཕྱིར་སྐྱོད་དཀའ་བའི”གནད་དོན་ཐག་གཅོད་ཏན་ཏིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། གསར་འགོད་པར་2019ལོའི་ལྗོངས་ཡོངས་ཀྱི“གྲོང་གསེབ་གཞུང་ལམ་ཡག་པོ་བཞི”འཛུགས་སྐྲུན་བཞུགས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2019ལོར། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་མཛུབ་ཁྲིད་ཤུགས་ཆེན་འོག ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཏང་འཛུགས་སྐྱོང་གིས་གཅིག་འདོམས་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་དང“གྲོང་གསེབ་གཞུང་ལམ་ཡག་པོ་བཞི”འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བཅས་བྱས་ཏེ“གྲོང་གསེབ་གཞུང་ལམ་ཡག་པོ་བཞི”འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་ཤར་གཏོང་བྱས་ཏེ་ཞིང་འབྲོག་པ་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། ལམ་རྒྱུད་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་དང་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་བ་དེ་དམངས་འཚོར་ཞབས་འདེགས་ཞུ་བའི་བཀྲག་མདངས་འཚེར་སར་གྱུར་ཡོད། 2017ལོར་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་འགྲུལ་སྐྱེལ་ལམ་ཐིག་ཤར་གཏོང་འཁོར་རྒྱུག་བྱས་པ་དང་། 2018ལོར་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།2019ལོར་རིམ་བཞིན་གྲོང་གསེབ་འགྲུལ་སྐྱེལ་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པ་རེད། ལོ་3གྱི་རིང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“རྫོང་གཅིག་ལ་ཀུང་སི་གཅིག”གི་རྣམ་པར་གཞིགས་ཏེ་གཞུང་ཁོངས་འགྲུལ་སྐྱེལ་ཀུང་སི་7བཙུགས་ནས་རྫོང་དབར་གྱི་འགྲུལ་སྐྱེལ་ལམ་ཐིག་24དང་རླངས་འཁོར་99གཉེར་སྐྱོང་བྱས་པ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་44དང་རླངས་འཁོར་68གཉེར་སྐྱོང་བྱས་ནས་གྲོང་ཁྱེར་ཧྲིལ་པོའི་ཤང་དང་གྲོང་རྡལ་དང་ཆ་རྐྱེན་ཡོད་པའི་སྲིད་འཛིན་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།