འདི་ནི་སྨན་གླིང་རྫོང་གནས་ཡུལ་ཤང་གནས་ཡུལ་གྲོང་ཚོའི་ཚན་རྩལ་ཆེད་མངགས་པས་ས་གནས་དེ་གའི་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་བྱེད་མཁན་དུད་ཚང་ལ་རྩལ་ནུས་གསོ་སྦྱོང་བྱེད་པའི་གནས་ཚུལ་རེད།
འདི་ནི་པ་སྣམ་རྫོང་དཔའ་རྩལ་ཤང་གི་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱ་ཡུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཚན་རྩལ་ཆེད་མངགས་པས་ཞིང་འབྲོག་ལས་ཀྱི་ལག་རྩལ་དཔེ་སྟོན་དང་། གྲུབ་འབྲས་གཞན་སྒྱུར། ཞིང་འབྲོག་ཁུལ་གྱི་གསར་གཏོད་ལས་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་གཞི་རིམ་ཚན་རྩལ་ཞབས་ཞུའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཚན་རྩལ་ལ་བརྟེན་ནས“ཞིང་གསུམ”ལ་ཞབས་འདེགས་ཞུས་བ།