ཁ་གཏད་རོགས་སྐྱོར་བརྩེ་བ་ཟབ། དབུལ་ཞྭ་ཕུད་ནས་ཕྱུག་པོར་སྐྱོད།

dbae48ec-9f8e-4446-8c4a-1e416797a116.jpg.1.jpg

འདི་ནི་དཔའ་ཤོད་ཀྱི་དུང་དཀར་ཨར་འདམ་རྣམ་གྲངས་ཀྱི་ལས་ཡུལ་དངོས་ཡིན་པ། 

4545eae4-f2f0-4ee6-86e8-ba474d42369a.jpg.1.jpg

འདི་ནི་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་མིས་མང་ཚོགས་དབུལ་པོར་འཚམས་འདྲི་བྱེད་བཞིན་པ།

21ab66c0-f8f6-4862-bb56-9f2884677b1b.jpg.1.jpg

ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག དུད་ཚང་དབུལ་པོའི་བྱིས་པར་སྨན་རིན་མི་དགོས་པའི་སྨན་བཅོས་ལོངས་སྤྱོད་ཐུབ་ཅིང་། འདི་ནི་ཨ་མས་གཤགས་བཅོས་བྱས་རྗེས་ཀྱི་ཕྲུ་གུར་སེམས་གསོ་གཏོང་བཞིན་པ།

དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱེད་རྒྱུ་ནི། བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་ཆེས་མངོན་གསལ་དོད་པའི་ལས་འགན་ཞིག་རེད། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་བོད་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། བོད་སྐྱོར་ལས་དོན་པ་ཡོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གཅིག་ཡན་དང་རོགས་སྐྱོར་བྱ་ཡུལ་བཟོས་ཏེ། དབུལ་སྒྲོལ་འགག་སྒྲོལ་ཁྲོད“འབྲེལ་བ་མེད་པའི་མི”མེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ནས། དམངས་འཚོ་ལེགས་གཏོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་པ་རེད། ཧྥུའུ་ཅན་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་རྫོང་བཞི“དཔའ་ཤོད་དང་། མཛོ་སྒང་། ལྷོ་རོང་། དཔལ་འབར”ཚང་མ་སྤུས་ཚད་མཐོ་པོས་དབུལ་ཞྭ་ཕུད་ནས། ཆབ་མདོ་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་རྦད་དེ་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཐུབ་པ་རེད།

2019ལོའི་ཟླ་12ཚེས་23ཉིན། བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་2019ལོའི་ཟླ་12ཚེས་9ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་། ས་དགའ་རྫོང་། ལྷ་རྩེ་རྫོང་། རྣམ་གླིང་རྫོང་བཅས་དང་། ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་རྫོང་དང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་། གོ་འཇོ་རྫོང་། བྲག་གཡབ་རྫོང་བཅས། ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུས་དང་། སྦྲ་ཆེན་རྫོང་། ཉི་མ་རྫོང་། མཚེའུ་གཉིས་རྫོང་། ཤན་རྩ་རྫོང་བཅས། མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། དགེ་རྒྱས་རྫོང་བཅས་རྫོང〔ཆུས〕19དབུལ་པོ་ལས་ཕྱིར་འཐེན་བྱེད་པའི་ཆོག་མཆན་སྤྲད་ཡོད་ཅེས་སྤྱི་བསྒྲགས་སྤེལ་བ་རེད།

དེའི་ཁྲོད། དཔའ་ཤོད་རྫོང་དང་མཛོ་སྒང་རྫོང་གཉིས་ཕུའུ་ཅན་གྲོང་ཁྱེར་དང་ཞ་མོན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཡིན་པ་རེད། 2016ལོར་རྫོང་དེ་གཉིས་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། ཧྥུའུ་ཅན་དང་ཞ་མོན་གྱིས་ཐོན་ལས་རྣམ་གྲངས་བོད་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དཔའ་ཤོད་ཀྱི་དུང་དཀར་དང་། བོད་ཀྱི་ཁྲེང་ཀུང་ཧུང་ཐེན་ལུའུ་ཨར་ཁང་དང་ཧང་ཏ་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་ཁང་སོགས་ས་གནས་དེ་གའི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་རྣམ་གྲངས་ཡག་པོ་དང་རྣམ་གྲངས་ཆེན་པོ་ཁག་གཅིག་བཏོད་ཡོད་པ་རེད།

དཔའ་ཤོད་ཀྱི་དུང་དཀར་ནི་དཔའ་ཤོད་རྫོང་གི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། ཉིན་གཅིག་ལ་ཏུན་2500ཐོན་པའི་སྐམ་ཐབས་ཨར་འདམ་བཅོས་མའི་རྒྱུ་ཆ་ཐོན་སྐྱེད་སྒྲུབ་རིམ་དང་། དེ་བཞིན་འབྲེལ་ཡོད་ཐོན་སྐྱེད་དང་འཚོ་བའི་རམ་འདེགས་སྒྲིག་ཆས་འཆར་འགོད་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་12ཙམ་བཏང་ནས་བོད་ཀྱི་ཨར་འདམ་ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་གཏོང་རྒྱུ་རེད། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་རྣམ་གྲངས་དེ་དཔའ་ཤོད་དུ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་། བུ་རྫི་རྣམ་པའི་ཞབས་ཞུ་བརྒྱུད་རྣམ་གྲངས་དེ་སྔ་ཙམ་སྐྲུན་ནས་ཐོན་སྐྱེད་ཐུབ་པའི་བརྩོན་ལེན་བྱས་པ་རེད།

མིག་སྔར། རྣམ་གྲངས་དེས་ལས་མི་170བསྡུས་པའི་ནང་། མི་100ལྷག་ཙམ་ནི་ས་གནས་དེ་གའི་བོད་རིགས་མང་ཚོགས་ཡིན་པ་རེད། ཁོང་ཚོ་སི་ཁྲོན་དང་ཁྲུང་ཆིང་སོགས་སུ་གླ་ཆ་སྤྲད་ནས་གསོ་སྦྱོང་བྱེད་པར་བཏང་ཡོད། ལས་མི་དཀྱུས་མར་ཟླ་རེར་གླ་ཕོགས་སྒོར་5000ཙམ་ཡོད་པ་དང་། ལག་རྩལ་པར་ཟླ་རེར་སྒོར་6000ཙམ་ཡོད། ཁོངས་མི་ངོ་མར་འགྱུར་རྗེས་ཟླ་རེར་གླ་ཆ་སྒོར་2000ཙམ་འཕར་གྱི་ཡོད་པ་རེད།

མཛོ་སྒང་རྫོང་དུ་རྫོང་སྨན་ཁང་གི་ད་ཡོད་ཆ་རྐྱེན་གྱིས་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་སྨན་བཅོས་ཀྱི་དགོས་མཁོ་དང་སྨན་ཁང་རིམ་པ་གཉིས་པ་གྲབས་འཛུགས་བྱེད་པའི་གཞི་རྩའི་རེ་བ་སྐོང་ཐུབ་ཀྱི་མེད། རྒྱབ་ལྗོངས་དེ་འདྲའི་འོག ཞ་མོན་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”བོད་སྐྱོར་མ་དངུལ་སྒོར་ཁྲི་3300བཏང་ནས། སྨན་ཁང་གི་སྨན་བཅོས་ཕྱོགས་བསྡུས་ཐོག་ཁང་གསར་པ་བསྐྲུན་པ་རེད།

ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མཛོ་སྒང་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཧོང་ཤིན་ཚུང་གིས། མཛོ་སྒང་རྫོང་གིས“ཀ་པ་རིམ་པ་གཉིས་པའི”སྨན་ཁང་འཛུགས་པའི་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པའི་འགན་ཁུར་རྒྱུའི་རེ་འདུན་ཞུས་ནས། ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་འཆར་འགོད་བྱས་ཏེ། གོང་རིམ་ནས་མ་དངུལ་སྒོར་ཁྲི་3000བརྩོན་ལེན་བྱས་པ་དང་སྦྲགས། གཟའ་འཁོར་ཚང་མར་བཀོད་གཏོང་མཐུན་སྦྱོར་གྱིས་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད། གཞན་ཡང་། ཁོང་གིས་ད་དུང་རྫོང་དང་ཤང་སྨན་བཅོས་འཕྲོད་བསྟེན་གཞི་གཅིག་ཅན་སྒྱུར་བཅོས་ཀྱི་ལས་དོན་ལ་སྣེ་ཁྲིད་ཀྱིས་སྐུལ་འདེད་བཏང་སྟེ། ལམ་སྲོལ་དང་སྒྲིག་གཞི་གསར་གཏོད་ཀྱི་ཐད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད་པ་རེད།

དཔའ་ཤོད་རྫོང་ར་འོག་གྲོང་རྡལ་དུ། ལོ་68ལ་སླེབས་པའི་ཨོ་རྒྱན་ཆོས་སྒྲོན་དང་ལོ་47ལ་སླེབས་པའི་དབང་སྐྱོན་ཅུང་ཟད་ཡོད་པའི་བུ་མོ་ངག་མཚོ་གཉིས་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ཧྥུའུ་ཅན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་མིས་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་རྒྱུན་ཆད་མེད་པར་འཚམས་འདྲི་བྱས་པ་རེད། ན་ནིང་། ཧྥུའུ་ཀྲོའུ་ཡིས་མ་དངུལ་སྒོར་ཁྲི་65.8བཏང་ནས་གྲོང་ཚོའི་ཡུལ་སྐོར་སྤྱི་སྤྱོད་གསང་སྤྱོད་བསྐྲུན་པ་དང་། གྲོང་ཚོའི་ཡུལ་སྐོར་སྤྱི་སྤྱོད་གསང་སྤྱོད་དང་གྲོང་ཚོའི་དྲ་ཐོག་ཚོང་ཁང་ཞབས་ཞུའི་ས་ཚིགས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ངག་མཚོར་ལས་ཀ་བཀོད་སྒྲིག་བྱས་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2.16ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།