​གཞིས་ཀ་རྩེའི་གྲོ་མོ་མཐའ་མཚམས་ཉོ་ཚོང་མཐུན་ཚོགས་ཀྱིས་ཝུའུ་ཧན་ལ་ཞལ་འདེབས་སྒོར་ཁྲི་བཅུ་ལྷག་ཙམ་ཕུལ།

1582437099634960.png

འདི་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རིན་ཆེན་སྒང་མཐའ་མཚམས་ཉོ་ཚོང་མཐུན་ཚོགས་ཀྱིས་ཞལ་འདེབས་ཕུལ་བའི་མཛད་སྒོའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་ལ་སྙིང་རྗེ་མེད་ཅིང་མི་སེམས་ལ་བརྩེ་བ་ཡོད། ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་ཅེས་པ་ལྟར། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་རྒྱབ་སྐྱོར་བྱ་ཆེད། 2020ལོའི་ལོ་གསར་འགོ་བརྩམས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རིན་ཆེན་སྒང་མཐའ་མཚམས་ཉོ་ཚོང་མཐུན་ཚོགས་ཀྱིས་ཉེ་ཆར་ཝུའུ་ཧན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་སྒོར105000ཞལ་འདེབས་ཕུལ་ནས། ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ཆེད་དུ་བཀོལ་སྤྱོད་བྱ་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།