གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་།

1582503999789682.jpg

འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་སྤེན་གཞུང་ཤང་ཕུ་ནུབ་གྲོང་ཚོའི་ཞིང་བས་གོ་རིམ་ལྡན་པའི་ངང་ས་ཞིང་ཁོད་སྙོམས་སུ་གཏོང་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དངོས་འབེབས་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གོ་རིམ་ལྡན་པའི་ངང་ནས་ཚད་གཞི་མཐོ་བའི་རྨོ་ཞིང་རྣམ་གྲངས་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་སྟེ། དཔྱིད་རྨོས་དང་དཔྱིད་འདེབས་བྱ་བའི་འཕེལ་རིམ་ལ་བར་ཆད་མི་བཟོ་བར་ཁག་ཐེག་བྱས་ཏེ། ཞིང་ལས་ཐོན་ཚད་འཕར་བ་དང་ཞིང་བའི་ཡོང་སྒོ་འཕར་སྣོན་བྱུང་བར་འགན་སྲུང་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།