རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་བོད་ཀྱི་ལོ་གསར་གོང་གི་ལྷ་སའི་ཁྲོམ་རར་ཞིབ་བཤེར་བྱས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རུ་སྣེ་ཁྲིད་དེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མིང་ཧྲེང་ཚལ་ཁྲོམ་དང་། བྱང་འདབས་རྟ་རྒྱུག་ཐང་ལྗོངས་ལུས་རྩལ་ཅུས་ཁོངས་གཏོགས་ཀྱི་དམངས་ཕན་སྔོ་ཚལ་ཚོང་ས། ཧྲེང་མེ་ཅ་སྤུས་ལེགས་སྒོ་རྩིས་ཚོང་ཁང་། བོད་སྨན་བདུད་རྩི་རྟགས་ཅན་ཐད་འཚོང་ཁང་། ཁ་ཟས་ཚོང་ས་བཅས་སུ་ཕེབས་ནས་བོད་ཀྱི་ལོ་གསར་གོང་གི་ལྷ་སའི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་ཟོག་གོང་བརྟན་པོ་ཡོད་མེད་ཀྱི་འབྲེལ་ཡོད་གནས་ཚུལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་རིམ་ཁག་དོ་དམ་སྡེ་ཚན་གྱིས་ལྟ་འདོམས་དང་། མཁོ་སྤྲོད་འགན་ལེན། ཞབས་ཞུ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་དུད་ཀྱིས་རྒྱུན་གཏན་ལྟར་ཐོན་སྐྱེད་ཚོང་གཉེར་དང་ལས་འགོ་བསྐྱར་འཛུགས་བྱེད་པར་འགན་ལེན་དང་རྒྱབ་སྐྱོར་བྱས་ནས་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་། འཁོར་རྒྱུག་གོ་རིམ་ལྡན་པ། ཟོག་གོང་བརྟན་པ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལྡན་པ་བཅས་ཀྱི་འགན་ལེན་བྱེད་དགོས། རིགས་ཁག་གི་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། ཚོང་ཁང་བཅས་ཀྱིས་ནང་ཁུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ། ཁོར་ཡུག་འཕྲོད་བསྟེན་དང་རྒྱུན་གཏན་གྱི་དུག་སེལ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། སྡེ་ཁུལ་གྱི་གྲོང་མིས་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་དོ་དམ་གྱི་བླང་བྱ་ཁག་ལ་རང་འགུལ་ངང་བརྩི་སྲུང་ཞུས་ཏེ་ཐག་ཉེ་ས་དང་སྟབས་བདེ་སའམ་ཡང་ན་དྲ་ཐོག་ནས་ལོ་གསར་མཁོ་ཆས་ཉོ་དགོས་པའི་ནན་བཤད་གནང་བ་རེད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།