ཚེས20ཉིན་བོད་ལྗོངས་ཀྱི་ཚགས་ཤ་ཏུན10སླར་ཡང་ཧུའུ་པེར་སྐྱེལ་འདྲེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས19ཉིན་གྱི་ཆུ་ཚོད10དང་སྐར་མ50ཡི་ཐོགA330འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཤིག་ལྷ་སའི་གོང་དཀར་གནམ་ཐང་ནས་འཕུར་ཞིང་། གནམ་གྲུ་དེའི་དོ་པོ་བླུགས་སའི་ནང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ཧུའུ་པེར་ཞལ་འདེབས་ཕུལ་བའི་སྤྱི་རྒྱ10896ཡོད་པའི་ཚགས་ཤ་སྒམ1113བླུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཞལ་འདེབས་ཕུལ་བའི་ཚགས་ཤ་ཏུན10ལྷག་ཙམ་ནི་འདམ་གཞུང་རྫོང་ནས་དབོར་བ་དང་། ཚེས20ཉིན་གྱི་དགོང་མོའི་ཆུ་ཚོད19ཡི་ཐོག་ཚགས་ཤ་དེ་དག་ཞལ་འདེབས་དང་ལེན་བྱེད་མཁན་རྒྱལ་ཁབ་གློག་དྲ་ཧུའུ་པེ་གློག་ཤུགས་ཀུང་སིར་དབོར་ནས་ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་ཁག་གི་གློག་ཤུགས་ཀུང་སིར་བགོ་རྒྱུ་རེད། གཅེས་སེམས་ཞལ་འདེབས་དངོས་ཟོག་གང་མགྱོགས་བརྒྱུད་འདྲེན་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་སྐྱེལ་འདྲེན་གྱི་རེ་ཞུ་འབྱོར་རྗེས་འཕྲལ་མར་ཐོགས་མེད་བགྲོད་ལམ་གཏོད་པ་དང་མཁའ་འགྲུལ་ཀུང་སི་དང་འབྲེལ་གཏུག་ཧུར་ཐག་བྱས་པས་ཀྲུང་གོ་རྒྱལ་སྤྱིའི་ཟོག་འདྲེན་མཁའ་འགྲུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད།

གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ1ཚེས21ཉིན་ནས་ཟླ2ཚེས18ཉིན་བར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་འཕྲོད་བསྟེན་རིམས་འགོག་དངོས་ཟོག་སྒམ12798ལ་བསྡོམས་སྤྱི་རྒྱ108501དང་། འཚོ་བའི་དངོས་ཟོག(སྔོ་ཚལ་དང་ཤིང་འབྲས)སྒམ9954ལ་བསྡོམས་སྤྱི་རྒྱ164452ཡོད་པ་དེ་དག་བདེ་འཇགས་ལྡན་ལ་བདེ་བླག་ངང་དབོར་ཐུབ་པའི་འགན་ལེན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།