མཚོ་བོད་ཚོགས་པ་ཀུང་སིས་རིམས་ནད་སྔོན་འགོག་གི་དངོས་ཟོག་དང་དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན་ལ་འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མའི་རིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས། སྐྱེལ་འདྲེན་རྩ་འཛུགས་ལེགས་སྒྲིག་དང་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ཏེ། རིམས་ནད་སྔོན་འགོག་གི་དངོས་ཟོག་དང་དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན་ལས་དོན་སྔོན་ལ་ལེགས་སྒྲུབ་བྱས་ཡོད། 

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ1ཚེས20ནས་ཟླ2ཚེས11ཉིན་བར། མཚོ་བོད་ལྕགས་ལམ་གྱིས་ཁྱོན་བསྡོམས་གློག་སྤྱོད་རྡོ་སོལ་ཏུན་ཁྲི་40.7དང་། འབྲུ་རིགས་ཏུན་1028 ཟས་རིགས་ཏུན་1266 ཞིང་ཞོར་ཐོན་རྫས་ཏུན་178 རྫས་ལུད་ཏུན་ཁྲི་16.7 རྫས་འགྱུར་བཟོ་ལས་ཐོན་རྫས་ཏུན་ཁྲི་17.6 རྡོ་སྣུམ་ཏུན་ཁྲི་9.3 དོས་སྒམ་ཏུན་ཁྲི་49.5བཅས་སྐྱེལ་འདྲེན་བྱས་པ་དང་། བོད་དུ་དངོས་ཟོག་བདེ་བླག་ངང་སྐྱེལ་འདྲེན་ཐུབ་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བ་འགན་ལེན་ནུས་ལྡན་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།