བོད་ལྗོངས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་རུ་སྣེ་ཁྲིད་དེ། ལྷ་ས་གྲོང་ཁྱེར་གྱི་མཚུར་ཕུ་དགོན་དང་སྒྲོལ་མ་ལྷ་ཁང་ལ་ཕེབས་ནས་དགོན་པའི་རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་སོགས་ལས་དོན་ལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་ཚོགས་ཆུང་དང་བཅས་པས་མཚུར་ཕུ་དགོན་དང་སྒྲོལ་མ་ལྷ་ཁང་གི་རིག་དངོས་བདེ་འཇགས་ཀྱི་འབྲེལ་ཡོད་སྒྲིག་ཆས་འཛུགས་སྐྲུན་བྱ་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། རིག་དངོས་དོ་དམ་སྡེ་ཚན་དང་། དགོན་སྡེ་དོ་དམ་ཨུ་ལྷན། དགོན་པའི་དགེ་འདུན་པ་བཅས་དང་བཞུགས་མོལ་གནང་ནས་དགོན་པའི་རིག་དངོས་སྲུང་སྐྱོང་དང་མེ་ཟོན་དོ་དམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཀྱང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།