བོད་ལྗོངས་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་འཕྲལ་མཁོའི་དངོས་ཟོག་གྲབས་གསོག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཏོག་གསར་གློ་ཚད་རིམས་ནད་བྱུང་ཚུན། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚན་ཆུང་གི་དངོས་ཟོག་འགན་ལེན་ཚན་ཆུང་གིས་ཉོ་སྒྲུབ་བྱེད་པ་དང་། ཞལ་འདེབས་རྒྱག་པ། སྡེ་ཚན་ཁག་དང་ས་གནས་དང་གྲོང་ཁྱེར་ཁག་གིས་གྲབས་གསོག་བྱེད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བོད་སྐྱོར་སོགས་ཕྱོགས་ཁག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་འཕྲལ་མཁོའི་དངོས་ཟོག་རྒྱ་ཁྱབ་ཏུ་གྲབས་གསོག་བྱེད་པ་བཅས་བྱས་ནས་ལྗོངས་ཡོངས་ལ་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་སྤྲོད་ཐུབ་པའི་འགན་ལེན་དང་། འཐབ་ས་དང་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣའི་བདེ་འཇགས་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།