བོད་ལྗོངས་ཀྱི་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོའི་ལས་དོན་པར་འགན་བཅོལ་དངུལ་སྒོར་དུང་ཕྱུར11.8ཞལ་འདེབས་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྦྲེལ་མཐུད་ཧུར་ཐག་བྱས་ནས། ཀྲུང་གོ་དངུལ་ཁང་སྐར་གསུམ་སྲོག་རྟེན་འགན་བཅོལ་ཀུང་སི་སི་ཁྲོན་ཡན་ལག་ཀུང་སི་དང་མཉམ་དུ་ཐབས་ཇུས་ཀྱི་བརྒྱུད་རིམ་མགྱོགས་ཤོས་ཀྱི་ཐོག་ནས་བོད་ལྗོངས་ཀྱི་སྨན་དོན་མི་སྣ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་མི་སྣ་1180ལ“ཀྲུང་གོ་དངུལ་ཁང་གི་སྲུང་སྐྱོང·དུས་བདེའི་ལྷ་རྗེ”ཡི་དམིགས་བསལ་འགན་སྲུང་གི་རིན་མེད་འགན་བཅོལ་ཐོན་རྫས་ཞལ་འདེབས་བརྒྱབ་པ་དེ་ལྗོངས་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་8དང་། གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་12 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་4བཅས་ཀྱི་འཐབ་ས་དང་པོའི་ལས་དོན་པར་ཁྱབ་པ་དང་། འགན་བཅོལ་དངུལ་འབོར་བསྡོམས་སྒོར་དུང་ཕྱུར་11.8ཟིན་པ་དེ་ཟླ་2ཚེས་8ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག་དངོས་སུ་གོ་ཆོད་པ་རེད།

ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་ལས་སྒོའི་འགན་ཁུར་བས་ངོ་སྤྲོད་བྱས་དོན། རིམས་ནད་འགོག་རྒོལ་གྱི་འགན་བཅོལ་དེའི་འགན་སྲུང་འཆར་གཞི་ནི་ལྗོངས་ནང་ཁུལ་གྱི་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཆེད་ལས་ལག་རྩལ་མི་སྣར་ཆེད་མངགས་བཟོས་པའི་འགན་སྲུང་ཇུས་ཞིག་ཡིན་པ་དང་། ཇུས་གཞི་བཟོ་བ་ནས་ཇུས་གཞིའི་རྗེས་མཐུད་ཀྱི་ལེ་ལག་ཚང་བའི་བརྒྱུད་རིམ་ཚང་མར་འགྲོ་ལུགས་སྟབས་བདེ་རུ་གཏོང་གང་ཐུབ་བྱས་ནས། སྨན་དོན་མི་སྣར་སྐྱིན་ཚབ་སྤྲོད་པའི་ཐོགས་མེད་བགྲོད་ལམ་བཏོད་པ་དང་། མི་རེར་འགན་བཅོལ་དངུལ་གྱི་གུན་གསབ་མཐོ་ཤོས་སྒོར་ཁྲི་100ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།