བསྟུད་མར་ཉིན20ལ་བོད་ལྗོངས་སུ་ཏོག་གསར་གློ་ཚད་ཀྱི་ནད་པ་ཇེ་མང་དུ་སོང་མེད།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས19ཉིན་གྱི་སྔ་དྲོར་བོད་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ཟླ2པའི་ཚེས18ཉིན་གྱི་ཆུ་ཚོད24བར་དུ། བོད་རང་སྐྱོང་ལྗོངས་སུ་ད་ལྟ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ་མེད་པ་དང་།  ནད་པ་ལྕི་མོའང་མེད། ནད་ཀྱིས་ཤི་བའི་ནད་པ་མེད་ལ།  ནད་དྲག་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ1ཡོད་པ་དང་། བསྡོམས་པས་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ1ཡོད་པ་རེད། བོད་ལྗོངས་སུ་བསྟུད་མར་ཉིན20ལ་ཏོག་གསར་གློ་ཚད་ཀྱི་ནད་པ་དང་དོགས་ཡོད་ནད་རྟགས་ཡོད་པའི་ནད་པ་ཇེ་མང་དུ་སོང་མེད་པ་རེད།  

ཟླ1པོའི་ཚེས29ཉིན་གཏན་ཁེལ་བྱས་པའི་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཀྱི་ནད་པ་གཅིག་པོ་དེ་ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོར་སང་དྲག་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།