ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་ལས་ནམ་དུས་དམ་འཛིན་གྱིས་དཔྱིད་རྨོར་གྲ་སྒྲིག་བྱེད་པ།

༡.jpg

འདི་ནི་འཕྱོངས་རྒྱས་རྫོང་ཐང་པོ་ཆེ་གྲོང་ཚོའི་གྲོང་མི་དབྱངས་ཅན་དང་པ་སངས་ཀྱིས་དྲོད་ཁང་དུ་ལས་ཀ་ཧུར་ཐག་བྱས་ཏེ་སྔོ་ཚལ་སོས་པ་ལྷོ་ཁའི་ཐད་ཚོང་ཁང་དུ་འདྲེན་ཐུབ་པའི་འགན་ལེན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཞིང་མུའུ་ཁྲི50འདེབས་རྒྱུ་དང་། དཔྱིད་འདེབས་ས་བོན་སྤྱི་རྒྱ་ཁྲི800གྲ་སྒྲིག་བྱས་ཡོད་པ། འཆར་གཞིའི་ནང་གི་རྫས་ལུད་ཏུན7650གྲ་སྒྲིག་བྱས་པ་བཅས་ཀྱི་ཐོག་ནས་དཔྱིད་འདེབས་བྱ་བ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཞིང་མུའུ་ཁྲི50འདེབས་འཛུགས་བྱ་རྒྱུ་དང་། ལྗང་མདོག་དང་སྤུས་ཚད་མཐོ་བ། ཕན་འབྲས་ཆེ་བ་བཅས་ཀྱི་ཞིང་ས་མུའུ་ཁྲི27གཏོད་རྒྱུ། ལུད་སྦྱོར་དཔེ་སྟོན་ཁུལ་གྱི་ས་ཞིང་མུའུ་ཁྲི28ལ་ས་དཔྱད་ལུད་སྦྱོར་བྱ་རྒྱུ། སོན་བཟང་གསོ་སྤེལ་གྱི་ས་ཞིང་མུའུ་ཁྲི1.92འཛུགས་སྐྲུན་བྱ་རྒྱུ། ས་ཞིང་མུའུ་ཁྲི30.86ལ་སོན་བཟང་ཁྱབ་གདལ་གཏོང་རྒྱུ་བཅས་ཀྱི་འཆར་གཞི་ཡོད་པ་རེད། ཞིང་སྨན་ཏུན་ཁྲི41.944ཉོ་སྒྲུབ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུའུ་ཡིས་གཅིག་གྱུར་ཡོངས་བསྒྲགས་ངང་འོས་འགུགས་བྱས་ནས་རྫོང་དང་ཆུས་ཁག་ལ་སྤྲོད་རྩིས་ཡོད་པ་རེད། ཟླ2ཚེས6ཉིན་བར་ལྷོ་ཁ་གྲོང་ཁྱེར་གྱིས་ས་བོན་སྤྱི་རྒྱ་ཁྲི250གྲ་སྒྲིག་བྱས་པ་དེས་འཆར་གཞིའི31%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།