གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་ལས་འགོ་ཚུགས་པར་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཅིག་ནས་འཕེལ་རྒྱས་བརྟན་ལྷིང་གི་སྐྱེ་ཁམས་ལ་དམ་འཛིན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་ཆེན་པོ་གཉིས་ཀྱི་གཙོ་གནད་ལས་འགན་གཉིས་ལ་དམ་པོར་དམིགས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་བར་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ། སྐུལ་འདེད་བྱ་ཐབས་ཁ་གསལ་བཟོ་བ་བཅས་བྱས་ནས་ལོ་འཁོར་གྱི་ལས་འགན་ཁག་ལེགས་འགྲུབ་ཡོང་བའི་འགན་སྲུང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས10ལས་འགོ་ཚུགས་པ་དང་བསྡོམས་པས་མ་དངུལ་སྒོར་ཁྲི5832.19བཏང་ཡོད་པ་རེད། 

 རྒྱུས་ལོན་པ་ལྟར་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་པ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཀྱི་གཞི་རྩའི་བསམ་ཕྱོགས་བཟོ་བའི་ལས་དོན་ལེགས་འགྲུབ་ཟིན་པ་དང་རྫོང(ཆུས)ཁག་དང་སྡེ་ཚན་ཁག་གིས་བསམ་འཆར་བསྡུ་ལེན་ལས་དོན་ལེགས་པོར་སྒྲུབ་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་ལས་རིགས་སྡེ་ཚན་དང་རྒྱུན་མཐུད་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་ཡང་བརྒྱབ་པ་རེད། མིག་སྔར་བླང་བྱ་ལྟར“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་བཟོ་བའི་དུས་རིམ་གསུམ་པའི་ལས་དོན་སྤེལ་བཞིན་ཡོད་པས། འཆར་འགོད་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྲིད་ཇུས་ཀྱི་དགོས་མཁོ་དང་། བསྒྱུར་བཅོས་ཀྱི་དགོས་མཁོ། རྣམ་གྲངས་གལ་ཆེན་གྱི་དགོས་མཁོ་བཅས་དང་མཐུན་པར་ཁག་ཐེག་བྱས།  

 གཞིས་རྩེ་གྲོང་ཁྱེར་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་དམིགས་འབེན་སྟོན་ཕྱོགས་དང་། གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་ཚུགས་ཏེ་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་དང་འཕེལ་ཕྱོགས་ཀྱི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། གནད་དོན་ཐག་གཅོད་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་ལས་འགོ་ཚུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ལོ་ཧྲིལ་པོའི་ལས་འགན་དང་དམིགས་ཚད་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།