བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་གནོད་འཚེ་དང་ལས་འཛོལ་གྱི་འཕྲལ་སྡོམ་ཐད་ཤུགས་སྣོན་བརྒྱབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་ཡན་ལག་རུ་ཁག་གི་འཕྲལ་སྡོམ་བབ་བསྟུན་རུ་ཁག་སྐུལ་ཁྲིད་བྱས་ནས།  རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གནོད་འཚེ་དང་ལས་འཛོལ་གྱི་འཕྲལ་སྡོམ་བྱེད་སྟངས་ནང་སྦྱོང་བྱས་པ་རེད།  སྨན་བཅོས་འཕྲོད་བསྟེན་ཚན་པའི་ཆེད་ལས་མཛུབ་ཁྲིད་འོག་ལས་ཁུངས་ཁག་གིས་རོགས་སྐྱོབ་བྱེད་གནས་འདྲ་བཟོ་བྱེད་པ་དང་ལུགས་མཐུན་ངང་ནང་སྦྱོང་ནང་དོན་བཀོད་སྒྲིག་བྱས་ཏེ།  རང་ངོས་སྲུང་སྐྱོབ་བྱ་ཐབས་ལེགས་བཅོས་ནུས་ལྡན་བྱེད་པ་དང་ལས་སྒྲུབ་བརྒྱུད་རིམ་ལེགས་སུ་གཏོང་བ།  ལས་ཀའི་འཕེལ་རིམ་ཚད་ལྡན་བཟོ་བ་བཅས་བྱས་ནས་ཚན་རིག་དང་མཐུན་པ་དང་ལས་ཆོད་ཆེ་བ།  གོ་རིམ་ལྡན་པ།  བདེ་འཇགས་ལྡན་པ་བཅས་ཀྱི་སྒོ་ནས་རོགས་སྐྱོབ་ལས་འགན་སྒྲུབ་རྒྱུར་རྨང་གཞི་བཏིང་བ་དང་ཉམས་མྱོང་བསགས་ཡོད་པ་རེད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།