བོད་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པ་ཐོག་མ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣ32ལོགས་དབྱེའི་གསོ་རིག་ལྟ་ཞིབ་ལས་གྲོལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཟླ2པའི་ཚེས7ཉིན་གྱི་ཆུ་ཚོད24བར་བོད་ལྗོངས་སུ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཕོག་པའི་ནད་པ1ཡོད་པ་དང་། ནད་གཞི་ལྕི་མོ་དང་ནད་ཡམས་ཀྱིས་ཤི་བའི་ནད་པ་མེད་ལ སྨན་ཁང་ནས་ཕྱི་བུད་པའི་ནད་པའང་མེད།

མིག་སྔར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་བའི་ནད་པ་ཐོག་མ་ཀྲང་ཆེ་གེ་མོའི་ནད་རྟགས་རྒྱུན་ལྡན་ཡིན་པ་དང་། ཁོ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི32ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བཅས་ཀྱི་གཏན་འཁེལ་ས་ཚིགས་ནས་ཉིན14ལ་ལོགས་དབྱེའི་གསོ་རིག་ལྟ་ཞིབ་བྱས་པ་བརྒྱུད། ཚ་རྒྱས་པ་སོགས་ཀྱི་ནད་རྟགས་གཞན་མེད་པས། ལོགས་དབྱེའི་གསོ་རིག་ལྟ་ཞིབ་ལས་གྲོལ་པའི་ཚད་གཞི་དང་མཐུན་པས། ཟླ2པའི་ཚེས8ཉིན་ལོགས་དབྱེའི་གསོ་རིག་ལྟ་ཞིབ་ལས་དངོས་སུ་གྲོལ་བ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།