ཝུའུ་དབྱིང་ཇེ་དང་ཆེ་དགྲ་ལྷས་སྤྲིངས་བའི་འཕྲིན་ཡིག་བརྒྱུད་ཏང་ཡོན་ལས་བྱེད་པའི་ཆོད་སེམས་རབ་ཏུ་འཕེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་འཕྲིན་ཡིག་སྤྲིངས་ནས་ཚང་མར་ནད་ཡམས་ལ་འགོག་རྒོལ་བྱེད་པའི་འཕྲལ་སྡོམ་ལས་ཀའི་ནང་ཕྱོགས་ཡོངས་ནས་ཞུགས་ཏེ།  བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ་ཛ་དྲག་ཆེ་བའི་འཐབ་རྩོད་དེར་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད། 

འཕྲིན་ཡིག་དེར་བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ནད་ཡམས་འགོག་རྒོལ་ལས་དོན་ནན་ཏན་ངང་སྤེལ་བའི་ཆོད་སེམས་འཕེལ་བ་རེད། 

འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་མང་པོ་ཞིག་གནས་སྐབས་མེད་པ་བཟོས་ཡོད་རུང་ལྷ་ས་མེ་འཁོར་འབབ་ཚུགས་ནི་སྔར་བཞིན་མི་ཚོགས་འདུ་འཛོམས་བྱ་ཡུལ་ཞིག་རེད།  ནད་དུག་ཁྱབ་འགྱེད་བྱེད་སྟངས་རྦད་དེ་གཏན་འགོག་བྱ་ཆེད།  ཉིན་ཤས་བསྟུད་མར་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་འགོ་ཁྲིད་ལས་བྱེད་པས་འཐབ་ས་མདུན་མར་བསྐྱོད་དེ་བཀོད་འདོམས་བྱས་པ་དང་།  རྒྱ་ཆེའི་ཏང་ཡོན་ཚོས་རང་འགུལ་ངང་འགན་འཁུར་ནས་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བས་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་མངོན་ཡོད།  ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་དབུ་འཛིན་གཞོན་པ་ལི་ཅཱ་ཡིས་ད་ཆ་མེ་འཁོར་བབས་ཚུགས་ཀྱི་ཏང་ཡོན་ཚང་མ་ལས་གནས་སུ་ཕྱིར་ལོག་བྱས་ནས་འཕྲལ་སྒྲུབ་རུ་ཁག་བཙུགས་ཏེ་འགྲུལ་པར་ཚ་བ་འཇལ་བའི་ལས་དོན་དང་།  གཞུང་ལས་སྒྲུབ་ཡུལ་དང་མེ་འཁོར་སྒུག་སར་དུག་སེལ་ལས་དོན་གྱི་འགན་འཁུར་གྱི་ཡོད་ཅེས་གསུངས། 

ལྷ་ས་མེ་འཁོར་འབབ་ཚུགས་དམངས་བདེ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས།  འཕྲིན་ཡིག་ནང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཞུགས་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བར་རྩིས་ནས།  འགན་འཁྲི་འཁུར་སེམས་མངོན་པར་བྱེད་པའི་བླང་བྱ་སེམས་ལ་བརྟན་པོར་ངེས་ཏེ།  ཚན་པ་ཁག་དང་མཉམ་དུ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཆུ་རགས་དང་པོ་བརྟན་པོ་སྲུང་གི་ཡིན་ཞེས་གསུངས།

ལྷ་ས་མེ་འཁོར་འབབ་ཚུགས་དམངས་བདེ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཉེན་རྟོག་པ་སྐལ་བཟང་ནོར་བུས།  སྔོན་འགོག་ཚོད་འཛིན་བྱས་ཚུན་ང་ཚོས་འཕྲོད་བསྟེན་རིམས་འགོག་མི་སྣ་དང་འགྲིམ་འགྲུལ་སྐྱེལ་འདྲེན་མི་སྣར་གཞོགས་འདེགས་ཧུར་ཐག་བྱས་ཏེ།  མེ་འཁོར་བསྡད་ནས་བོད་དུ་ཡོང་མཁན་ལ་ནད་ཡམས་བརྟག་ཞིབ་དང་ཁག་བགོས་དོ་དམ་ཚོད་འཛིན་ལས་དོན་སྤེལ་བ་དང་།  བབས་ཚུགས་སུ་མི་བསུ་བར་ཡོང་མཁན་དང་འཁོར་རིགས་ལ་ཁྲིད་སྟོན།  སྒྲིག་ལམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།  ཁ་རས་མི་རྒྱག་མཁན་ལ་ལྟ་སྐུལ་དང་ཡོ་བསྲང་བྱེད་པ།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་དྲིལ་བསྒྲགས་བཅས་བྱས་ཡོད་ཅེས་གསུངས།

ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་འཕྲིན་ཡིག་སྤྲིངས་རྗེས།  རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱི་ཏང་ཀྲེ་པུས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་ནས།  ཏང་ཡོན་བརྒྱད་ལས་གྲུབ་པའི་ནད་ཡམས་འགོག་རྒོལ་གྱི་ཏང་ཡོན་གདོང་ལེན་རུ་ཁག་བཙུགས་པ་དང་དམངས་བདེ་ཞབས་ཞུ་ས་ཚིགས་བཙུགས་ནས།  སྡེ་ཁུལ་མང་ཚོགས་ལ་རོགས་རམ་བྱས་པ་མ་ཟད་རང་འགུལ་ངང་སྡེ་ཁུལ་གྱི་དུག་སེལ་སོགས་ཀྱི་རིམས་འགོག་ལས་འགན་ཡང་ཡག་པོ་སྒྲུབ་ཡོད། 

ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་སུ་ཏང་ཡོན་ལས་བྱེད་པས་ཉེ་དུས་བོད་དུ་ཕྱིར་ལོག་པའི་སློབ་མ་དང་སློབ་མའི་ཁྱིམ་བདག  ས་ཆ་དེ་གའི་དགེ་སློབ་བོད་ནས་ཕར་འགྲོ་ཚུར་འོང་བྱེད་པ་སོགས་ཀྱི་གནས་ཚུལ་ཞིབ་བཤེར་ནན་པོ་བྱས་ནས།  ཏང་རྩ་འཛུགས་ཀྱིས་དཀྲིས་པའི་ལས་འགན་ཁག་ལེགས་སྒྲུབ་བྱས་ཡོད། 

གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་རིན་སྤུངས་ཤང་གི་གྲོང་ཚོ་ཁག་གི་ཏང་ཀྲི་པུས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་།  ཏང་ཡོན་ཚང་མ་ལས་རེས་ནང་ཧུར་ཐག་ཞུགས་ནས་ཉིན་མཚན་ལྟོས་མེད་ངང་སྐོར་ཞིབ་བྱས་ཏེ།  ནད་ཡམས་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱས་ནས་གྲོང་མིའི་ཡིད་ཆེས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་ཐུབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།