རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་མཛུབ་ཁྲིད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས4ཉིན་གྱི་ཕྱི་དྲོ།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཕེ་ཧའེ་ཡིས་ཙུའུ་ཀྲང་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་མཛུབ་ཁྲིད་ཚོགས་ཆུང་གིས་བོད་ལྗོངས་སུ་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱེད་པར་ཕེབས་པ་རེད། 

མཛུབ་ཁྲིད་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་བརྟག་ཞིབ་གནང་བར་ཕེབས་པ་དང་།  སྔོན་ཚུད་ཞིབ་བཤེར་དང་ནད་དཔྱད་ཁང་།  དེ་བཞིན་སྨན་བཅོས་ཀྱི་ཟོག་རོ་ཐག་གཅོད་བྱེད་ས།  གཙང་སྦྲའི་ཁུལ།  ལྟ་ཞིབ་ནད་ཁང་སོགས་སུ་ཞིབ་བཤེར་གཏིང་ཟབ་གནང་བ་དང་སྦྲགས།  སྨན་དོན་པའི་མི་གྲངས་དང་འགོག་སྲུང་ཐོན་ཁུངས།  ལྟ་ཞིབ་མི་སྣའི་གནས་ཚུལ།  རྗེས་མཐུད་དོ་དམ་ཚོད་འཛིན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ལས་ཀའི་བརྒྱུད་རིམ་སོགས་འཐུས་ཚང་བཟོ་རྒྱུའི་ཐད་གྲོས་འགོ་བཏོན་གནང་བ་རེད། 

མཛུབ་ཁྲིད་ཚོགས་ཆུང་ནས་བོད་ལྗོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཀར་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁོང་དུ་ཆུད་པ་བྱས་ཏེ་མཉམ་འགོག་མཉམ་སྡོམ་གྱི་ལས་ཀའི་རྣམ་པ་ཆགས་པ་བྱེད་པ་དང་།  བྱ་ཐབས་དེ་བས་ནན་པོ་དང་དེ་བས་གཏིང་ཟབ།  དེ་བས་ནུས་ལྡན་བཅས་ཀྱི་སྒོ་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྤེལ་དགོས་པའི་མཛུབ་སྟོན་གནང་བ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།