ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས།

f5faeb99-4dca-44fb-a16e-3ca4f8641572.jpg.1.jpg

འདི་ནི་འཕྱོངས་རྒྱས་རྫོང་ཨུ་དྲིལ་བསྒྲགས་པུའི་ལས་བྱེད་པས་རྫོང་གྲོང་གི་ཁྲོམ་ལམ་གཙོ་བོར་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུ་དྲིལ་བསྒྲགས་པུས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་ལས་དོན་མུ་མཐུད་སྤེལ་ཤུགས་ཆེ་རུ་བཏང་ནས་འཕྱོངས་རྒྱས་རྫོང་གི་འགྲིམ་འགྲུལ་གྱི་འགག་མདོ་དང་། རྫོང་གྲོང་། གྲོང་ཚོ་ཨུ་ལྷན་གནས་ཡུལ་བཅས་སུ་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་དང་དྲིལ་བསྒྲགས་ཀྱི་འཕྲེད་འགེལ་ཡི་གེ་བཀལ་བ་སོགས་བབ་བསྟུན་སྣ་མང་གི་བྱ་ཐབས་སྤྱད་དེ་ཕྱོགས་གང་སར་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་ཐུབ་པ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།