ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧུའུ་པེ་ཝུའུ་ཧན་སོགས་སུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། བོད་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁངདང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་ཞུགས་ནས། འཕྲལ་མར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་སྨན་བཅོས་རོགས་སྐྱོབ་ཆེད་མཁས་པའི་ཚོགས་ཆུང་། སྔོན་འགོག་ཚོད་འཛིན་གྱི་ཆེད་མཁས་པའི་ཚོགས་ཆུང་། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཆེད་མཁས་པའི་མཛུབ་ཁྲིད་ཚོགས་ཆུང་བཅས་བཙུགས་ཏེ། གནམ་གྲུ་དང་མོ་ཊ་སོགས་བརྒྱུད་དེ་བོད་ལྗོངས་སུ་ཡོང་མཁན་འགྲུལ་པར་གྲལ་བཤེར་དང་ཐོ་འགོད་སོགས་བྱ་ཐབས་སྤྱད་དེ་འབྱུང་རྩ་ནས་བཀག་འགོག་བྱས་པ་རེད།
སྨན་དོན་མི་སྣས་འབབ་ཐང་གི་འགྲུལ་པར་ཚ་དྲོད་བརྟག་དཔྱད་བྱེད་བཞིན་པ།
ལྷ་ས་རི་ལི་བབས་ཚུགས་ཀྱིས་སྒུག་སྡོད་ཚོམས་ཆེན་ནང་གི་འགྲུལ་པའི་བདེ་འཇགས་འགན་སྲུང་བྱས།
སེང་གེ་ཁ་འབབ་གྲོང་རྡལ་གྱི་ཞིང་ཞོར་ཁྲོམ་རའི་སྔོ་ཚལ་ཕུན་སུམ་ཚོགས།
ཁོར་ཡུག་གཙང་སྦྲ་བས་བར་སྐོར་ཁྲོམ་གཞུང་དུ་གཙང་སྦྲ་བྱེད་བཞིན་པ།
ཟངས་རི་རྫོང་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་དང་མི་སྣར་ཐོ་འགོད་ཞིབ་བཤེར་བྱེད་བཞིན་པ།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་སུ་ཡོང་མཁན་ལ་གྲལ་བཤེར་དང་ཐོ་འགོད་སོགས་བྱས་ཏེ་ནད་ཡམས་འབྱུང་རྩ་ནས་བཀག་འགོག་བྱས།