ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཚེས2ཉིན་ལྷ་ས་འགག་སྒོས་ཤར་གཏོང་འགྲོ་ལམ་བཏོད་དེ་ལྷ་ས་མཁའ་ལམ་སྐྱེལ་འདྲེན་འགག་སྒོ་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ནང་འདྲེན་ཞལ་འདེབས་དངོས་ཟོག་ཐོག་མར་མགྱོགས་མྱུར་ཞིབ་བཤེར་ངང་ཤར་གཏོང་བྱས་པའི་ནང་། ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་རས་སྒམ6དང་ངོ་གྲངས10000ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་འགག་སྒོས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཤར་གཏོང་འགྲོ་ལམ་བཏོད་ཚུན། སྔ་ཕྱི་བསྡོམས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ནང་འདྲེན་དངོས་ཟོག་དོ་པོ་ཁྲི་ཚོ13ལྷག་ཙམ་ཞིབ་བཤེར་ཤར་གཏོང་བྱས་པའི་ནང་། གཙོ་བོ་ཁ་རས་ཁྲི་ཚོ12.9ལྷག་ཙམ་དང་མིག་སྲུང་མིག་ཤེལ300། འགོག་སྲུང་གྱོན་གོས100བཅས་ཡོད་པའི་ཁྲོད་ནང་འདྲེན་ཞལ་འདེབས་དངོས་ཟོག་དང་ཕྱི་རྒྱལ་ནས་ཉོ་སྒྲུབ་བྱས་པའི་དངོས་ཟོག མི་སྒེར་གྱི་འགོག་སྲུང་ཡོ་ཆས་སོགས་ཚུད་ཡོད་པས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དུས་ཐོག་ཏུ་འགག་སྒོ་སྒྲོལ་རྒྱུ་འགན་སྲུང་གང་ལེགས་ཐུབ་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལྷ་ས་འགག་སྒོས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ནང་འདྲེན་ཞལ་འདེབས་དངོས་ཟོག་མྱུར་བཤེར་ངང་ཤར་གཏོང་བྱས།