བོད་ལྗོངས་ཀྱི་གཞོན་ནུ་དང་བླངས་པ260ལྷག་རིམས་ནད་སྔོན་འགོག་གི་བྱ་བའི་ཁྲོད་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རིམས་ནད་གནས་ཚུལ་ནི་བཀའ་ཡིན་པ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན། ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་སྣེ་ཁྲིད་འོག་གྲོང་ཁྱེར(ས་ཁུལ)སྡེ་ཚོགས་ཨུ་ཡོན་ལྷན་ཁང་དང་དང་བླངས་པའི་མཐུན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་གཞོན་ནུ་དང་བླངས་པ260ལྷག་རྩ་འཛུགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ཞུགས་ཏེ་དྲ་ཐོག་དྲིལ་བསྒྲགས་དང་དྲ་ཕྱིའི་དང་བླངས་ཞབས་ཞུ་ཟུང་འབྲེལ་བྱེད་པའི་བྱ་ཐབས་བརྒྱུད་གྲོང་ཁྱེར(ས་ཁུལ)ཁག་ལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་སྤེལ་བར་གཞོགས་འདེགས་བྱས་པ་རེད། 

138755258_15808093120531n.jpg

འདི་ནི་ཟླ2པའི་ཚེས1ཉིན་དང་བླངས་པས་འགྲིམ་འགྲུལ་ལ་ལམ་སྟོན་བྱེད་བཞིན་པའི་ཚུལ་རེད། 

138755258_15808093120851n.jpg འདི་ནི་ཟླ1པོའི་ཚེས31ཉིན་གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་གནས་སྐབས་གུར་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད། 

138755258_15808093121161n.jpg

འདི་ནི་ཟླ2པའི་ཚེས1ཉིན་ལྷ་ས་གྲོང་ཁྱེར་གྱི་འཚུབ་བསྟུན་དང་བླངས་པས་མཉམ་པར་ལེན་བཞིན་པའི་ཚུལ་རེད། 

138755258_15808093121471n (1).jpg

འདི་ནི་ཟླ2པའི་ཚེས2ཉིན་ཉིང་ཁྲི་གྲོང་ཁྱེར་གྱི་དང་བླངས་པས་བོད་ལྗོངས་སུ་ཡོང་མཁན་གྱི་བསྡོམས་རྩིས་ལས་དོན་སྤེལ་བཞིན་པའི་ཚུལ་རེད། 

གྲོང་ཁྱེར(ས་ཁུལ)ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་སྡེ་ཚན་གྱི་གཅིག་གྱུར་འགོ་ཁྲིད་འོག དང་བླངས་པས་སྡེ་ཁུལ་དང་། ཚོང་ལས་ཁུལ། མེ་འཁོར་འབབ་ཚུགས། གནམ་གྲུ་ཐང་སོགས་མི་འབོར་འདུས་ཚད་ཆེ་བའི་ས་ཁུལ་དུ་འགྲིམ་འགྲུལ་གྱི་ལམ་སྟོན་དང་། སེམས་ཁམས་བདེ་གསོ། དུག་སེལ། ལུས་དྲོད་ཞིབ་དཔྱད་སོགས་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ཞུགས་པར་འབད་བརྩོན་བྱས་ཏེ། གཏན་ཁེལ་སྨན་ཁང་དང་། ལས་རེས་ཁང་། ལུས་དྲོད་ཞིབ་དཔྱད་ཚད་ལེན་ས་ཚིགས་སོགས་སུ་གནས་སྐབས་གུར་ཕུབ་པ་དང་། བོད་སྐྱོད་མི་སྣར་དམིགས་ནས་ཆ་འཕྲིན་ཐོ་འགོད་དང་མི་སྣ་བསྡོམས་རྩིས་སོགས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་སྤེལ་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།