བོད་ལྗོངས་ཀྱི་ཏང་ཡོན་སྨན་དོན་མི་སྣས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་འགན་སྲུང་ནུས་ལྡན་བྱེད་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་སྨན་ཁང་ཆེ་གྲས་ཁག་ཏུ་ཏང་ཡོན་སྨན་དོན་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཝུའུ་དབྱིང་ཇེ་དང་ཆེ་དགྲ་ལྷ་རྣམ་གཉིས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ།  ཐོག་མའི་བསམ་འདུན་དང་འགན་འཁྲིའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་འགན་སྲུང་བྱེད་བཞིན་ཡོད།  

ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་ཡིན་པའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར།  ཏང་ཡོན་སྨན་དོན་པས་ལོགས་དབྱེའི་ཁུལ་དུ་བྲེལ་འཚུབ་ངང་ནད་གཞི་གཏན་འཁེལ་བྱུང་བའི་ནད་པར་ཚན་རིག་དང་མཐུན་པའི་སྐྱོབ་བཅོས་བྱེད་པ་མ་ཟད།  རྒྱ་ཆེའི་མང་ཚོགས་ལ་ནད་ཡམས་ལས་རྒྱལ་ཁ་ཐོབ་པའི་སེམས་ཤུགས་བརྒྱུད་སྤེལ་ཡང་བྱེད་བཞིན་ཡོད།  རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་འཕྲལ་བཅོས་ཁོའོ་ཡི་ཀྲུའུ་རེན་བུ་ཆུང་ནས།  ནད་ཡམས་ཐོན་ཚུན་ངས་ཏང་ནང་ཞུགས་ནས་ལོ20ལྷག་ཙམ་སོང་བའི་ཏང་ཡོན་རྒན་གྲས་ཤིག་གི་ངོས་ནས་ཐོག་མཐའ་བར་གསུམ་དུ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་པ་ཡིན།  གོམ་སྟབས་རྗེས་མར་ངས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལས་དོན་མཐའ་གཅིག་ཏུ་སྒྲུབ་རྒྱུ་ཡིན་ཞེས་གསུངས།

རང་སྐྱོང་ལྗོངས་སྨན་རྩིས་ཁང་གློ་ནད་ཚན་ཁག་གི་སྨན་པ་སྐྲ་བཟང་ནས་ནད་ཡམས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག་འཕྲལ་མར་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་ནང་ཞུགས་པ་རེད།  ཁོང་ནས་ཏང་ཡོན་སྨན་དོན་པ་ཞིག་གི་ངོས་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་འགོག་པའི་དཔུང་ཁག་ནང་ཞུགས་ཏེ།  དུས་ངེས་མེད་དུ་བཀའ་སྒུག་ནས་ནད་དུག་འགོག་རྒོལ་ལ་རྒྱལ་ཁ་ལེན་ཆེད་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཞེས་གསུངས། 

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་ལ་འགོག་རྒོལ་བྱ་ཆེད་བོད་ལྗོངས་སྨན་ཁང་ཁག་གི་སྨན་དོན་པ་རྣམས་འཐབ་ཕྱོགས་དང་པོར་བསྐྱོད་ཡོད།  ཚ་བའི་སྒོ་བསྟེན་ཁང་དང་འཕྲལ་བཅོས་ཚན་ཁག་ནི་ནད་ཡམས་འགོག་བཅོས་ཀྱི་འཐབ་ཕྱོགས་དང་ཤོས་དེ་ཡིན་པ་དང་།  ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཚ་བའི་སྒོ་བསྟེན་ཁང་དུ་སྨན་དོན་མི་སྣས་དུས་ངེས་མེད་དུ་དཀའ་ངལ་ལ་མི་འཛེམ་པར་འགན་འཁྲི་ལྕི་པོ་འཁུར་རྒྱུའི་གྲ་སྒྲིག་བྱས་ཡོད།  ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་མྱུར་སྐྱོབ་ཀྱི་འཐབ་ཕྱོགས་དང་པོའི་ནང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཧུར་ཐག་ཞུགས་ནས་ཏང་ཡོན་གྱི་གདོང་ལེན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུའི་སྐུལ་སློང་བྱས་ཡོད། 

ཏང་ཡོན་ལས་བྱེད་པས་སྨན་བཅོས་སྲོག་སྐྱོབ་དང་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ།  རྨང་གཞིའི་སྔོན་འགོག་སོགས་ཀྱི་ལས་གནས་ཐོག་ནུས་པ་འདོན་སྤེལ་བྱས་པར་བརྟེན།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་ལེན་པའི་རྒྱ་ཆེའི་མང་ཚོགས་ཀྱི་སེམས་ཤུགས་འཕེལ་བ་བྱས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།