བོད་ལྗོངས་དངུལ་རྩའི་ཚན་པས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དངུལ་རྩའི་ཞབས་ཞུ་ཧུར་ཐག་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དངུལ་རྩའི་ཞབས་ཞུའི་ཤར་གཏོང་ཐབས་ལམ་བཏོད་དེ།  སྲིད་གཞུང་ཚན་པ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཁེ་ལས།  བྱ་གཞག་ཚན་པར་ཛ་དྲག་དངུལ་འདོན་ལེན་དང་མ་དངུལ་གཏོང་སྤྲོད་སོགས་ཀྱི་འཕྲལ་སྡོམ་དངུལ་རྩའི་ཞབས་ཞུ་སྒྲུབ་རྒྱུ་རེད། 

རྒྱ་ཆེའི་འཛད་སྤྱོད་པར་སྟབས་བདེ་སྐྲུན་ཆེད།  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཆུ་ཚོད་ཉི་ཤུ་རྩ་བཞིའི་ཤར་གཏོང་ལམ་བཏོད་པ་དང་དངུལ་རྩའི་དྲ་ཐོག་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་སྟེ།  ཁེ་ལས་ལ་དྲ་ཐོག་དངུལ་ཁང་བརྒྱུད་དངུལ་གཏོང་སྤྲོད་ཀྱི་བཅད་གྲངས་དང་གཏོང་སྤྲོད་མ་ལག་ལས་སྒོ་ཚད་བཀག་མེད་པ་བཟོས་པ་རེད།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ལས་སྒོ་དེ་དྲ་ཐོག་ནས་དུས་ངེས་མེད་དུ་རེ་ཞུ་གཉེར་སྒྲུབ་བྱེད་ཆོག་པ་དང་།  སྲིད་གཞུང་ཚན་པ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པས་དངུལ་འདོན་ལེན་དང་མ་དངུལ་གཏོང་སྤྲོད།  རྒྱ་གྲམ་དམར་པོའི་ཚོགས་པ་དང་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་སོགས་དགེ་སྒྲུབ་རྩ་འཛུགས་ཀྱི་ཐོ་འགོད་མ་དངུལ་གཙང་རྩིས་རྒྱག་རྒྱུ་དང་།  རིགས་ཁག་གི་ཞལ་འདེབས་དངུལ་གཏོང་སྤྲོད་སོགས་ཀྱི་ལས་སྒོ་དམིགས་བསལ་གཉེར་སྒྲུབ་བྱས་པ་མ་ཟད་མགྱོགས་མྱུར་བརྡ་ལན་ལམ་སྲོལ་བཙུགས་པ་དང་།  འགྲོ་ལུགས་སྟབས་བདེ་རུ་བཏང་ནས་མ་དངུལ་དུས་ཐོག་ཏུ་ལག་སྤྲོད་ཐུབ་པ་བྱས་པ་རེད།  

གཞན་ཡང་།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཤུགས་རྐྱེན་ཐེབས་པའི་མི་སྒེར་ལ་ཁྱད་པར་རང་བཞིན་གྱི་ཡིད་རྟོན་དངུལ་བུན་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དང་།  འབྲེལ་ཡོད་གྲོན་དངུལ་གྱི་འགྲོ་ལུགས་གླ་རིན་གཅོག་རྒྱུ་དང་རྩ་ཆག་བཏང་སྟེ་ནུས་ཤུགས་གང་ཡོད་ངང་དངུལ་རྩའི་ཞབས་ཞུ་འགན་ལེན་བྱེད་རྒྱུ་རེད། 
ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་དྲ་ཚུགས519ནང་ནས་དྲ་ཚུགས309ལ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དངུལ་རྩའི་ཞབས་ཞུའི་ཤར་གཏོང་ལམ་བུ་བཏོད་པ་རེད།  འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ནང་ཁུལ་དུ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དངུལ་རྩའི་ཞབས་ཞུའི་ཤར་གཏོང་ལམ་བུ་བཏོད་པ་རེད།  སྤྱི་ཟླ་དང་པོའི་ཚེས31ཉིན་བར་ཡན་ལག་དངུལ་ཁང་དེས་སྔ་ཕྱི་བསྡོམས་འཕྲལ་སྡོམ་མ་དངུལ་གཏོང་སྤྲོད་ཀྱི་ལས་སྒོ་ཁག29གཉེར་བ་དང་འབྲེལ་ཡོད་མ་དངུལ་སྒོར་ཁྲི་ཚོ600ལྷག་ཙམ་ཟིན་གྱི་ཡོད།  ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་དམིགས་བསལ་གྱི་དུས་ཚོད་ཡིན་པས་འཛད་སྤྱོད་པ་ཚོས་གལ་སྲིད་ལས་སྒོ་གཉེར་སྒྲུབ་བྱེད་དགོས་ཚེ་འཛུགས་སྐྲུན་དངུལ་ཁང་གི་ལག་ཐོག་དངུལ་ཁང་དང་འཕྲིན་ཕྲན་སྤྱི་ཨང་སོགས་གློག་རྡུལ་ཐབས་ལམ་བརྒྱུད་དེ་ལས་སྒོ་གཉེར་སྒྲུབ་བྱེད་ཆོག་གི་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།