ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་འགོག་ཟོན་ཁྲོད། མི་མང་པོ་ཞིག་གིས་དཀའ་སྤྱད་འབད་འཐབ་བྱེད་བཞིན་ཡོད་ལ་དེའི་ཁྲོད་མི་སེམས་འགུལ་བའི་གནས་ཚུལ་ཡང་མང་པོ་ཐོན་གྱི་ཡོད། སྤྱི་ཟླ་དང་པོའི་ཚེས28ཉིན་གྱི་མཚན་མོར་ཁ་རས་བརྒྱབ་པའི་སྐྱེས་པ་ཞིག་གིས་བྲེལ་འཚུབ་ངང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་སྐྱིད་རས་མངགས་གཏོང་ཁང་གི་དམངས་བདེ་ཉེན་རྟོག་ལས་དོན་ཁང་དུ་སྨན་སྤྱོད་ཁ་རས་ཤོག་སྒམ་གཅིག་བསྐྱལ་བ་རེད།
ནད་ཡམས་སྔོན་འགོག་གི་འགག་རྩའི་དུས་སུ་མི་སེམས་འགུལ་བའི་གནས་ཚུལ་མང་པོ་མཐོང་རྒྱུ་ཡོད་པ་དང་། སྤྱི་ཟླ་དང་པོའི་ཚེས29ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཧུད་རིགས་དང་བོད་རིགས་ཚོང་པས་རང་རྟོགས་ངང་ཁྲོམ་གཞུང་དུ་བསྐྱོད་དེ་རིན་མེད་ངང་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་མིར་ཁ་རས་སྤྲད་པ་དང་། རྒྱལ་ལམ317རྒྱུད་ཀྱི་ཤག་ཆུ་ཁའི་འབྲོག་པ་མང་ཚོགས་ཀྱིས་ཀྱང་གནས་སྐབས་དེ་གར་ཁ་བཀག་ནས་བསྡད་པའི་རླངས་འཁོར་གཏོང་མཁན་ཚོར་ཆུ་འཁོལ་བསྐྱལ་བ་སོགས་བྱས་ནས། ས་མཐོའི་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོའི་རྣམ་པ་གང་སར་མཐོང་རྒྱུ་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ནད་ཡམས་སྔོན་འགོག་གི་འགག་རྩའི་དུས་སུ་མཐུན་སྒྲིལ་ཆེན་མོའི་རྣམ་པ་གང་སར་མཐོང་རྒྱུ་ཡོད།