ཕོ་བྲང་པོ་ཏ་ལ་སྒོ་རྒྱག་རྒྱུ་ཡིན་པར་ཁྱབ་བསྒྲགས་བྱས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན་གསར་འགོད་པས་བོད་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དགོས་མཁོ་ལྟར། མི་སྣ་འདུ་འཛོམས་བྱས་ནས་འགོ་ནད་ཕན་ཚུན་འགོ་བའི་གནས་ཚུལ་མི་འབྱུང་བར་བྱ་ཆེད། ཕོ་བྲང་པོ་ཏ་ལ2020ལོའི་ཟླ1པོའི་ཚེས27ཉིན་ནས་བཟུང་སྒོ་རྒྱག་རྒྱུ་ཡིན་པ་དང་། སྒོ་ཕྱེ་བའི་དུས་ཚོད་གནས་ཚུལ་ལྟར་ཡང་བསྐྱར་བརྡ་ཐོ་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།