དཔལ་འབར་རྫོང་གིས་ལས་ཞུཌ་གཞན་སྒྱུར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གོང་མཐོར་བཏང་བ།

2019ལོ་ཚུན་དུ། དཔལ་འབར་རྫོང་གིས་ལས་ཞུགས་ལས་དོན་བརྟན་ཐོག་ཡར་བརྩོན་ངང་སྤེལ་བས་ལས་ཞུགས་སྤྱི་འབོར་རྒྱུན་མཐུད་ངང་འཕར་བ་རེད། ཞིང་འབྲོག་པའི་ལས་ཞུགས་གནད་ལ་འཁེལ་ཚད་མཐོ་རུ་གཏོང་ཆེད། དཔལ་འབར་རྫོང་གིས་ས་ཆ་དངོས་སུ་འདྲི་རྟོགས་དང་ཁ་པར་ལམ་ནས་འདྲི་རྟོགས་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཞིང་འབྲོག་པ་ཕྱི་ཕྱོགས་སུ་གླ་པར་བསྐྱོད་པ་དང་ལས་ཞུགས་རྩལ་ནུས་ལྡན་མིན་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཤིང་། ཞིང་འབྲོག་པའི་གསོ་སྦྱོང་དང་ལས་ཞུགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་པ་མ་ཟད། ལོ་འཁོར་གྱི་རྩལ་ནུས་གསོ་སྦྱོང་དམིགས་ཚད་ལས་འགན་ལ་དམིགས་ཏེ། ཁྲོམ་རའི་དགོས་མཁོ་གཞིར་བཟུང་། གསོ་སྦྱོང་གི་ཁ་ཕྱོགས་གཏན་འཁེལ་བྱས་ནས《དཔལ་འབར་རྫོང་གི་2019ལོའི་ལས་ཞུགས་གཞན་སྒྱུར་སྲ་བརྟན་ལས་དོན་གྱི་ཇུས་གཞི》གཏན་འབེབས་བྱས་ཏེ། གསོ་སྦྱོང་བྱས་པ་བརྒྱུད་ལས་ཞུགས་ཐུབ་ཚད་55%ཡན་ཟིན་པའི་བརྩོན་ལེན་བྱས་ཡོད།

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།