ཉིང་ཁྲིས་སློབ་ཆེན་མཐར་ཕྱིན་སློབ་མར་ལས་ཞུགས་ལས་གཏོད་ལ་གནད་འཕིགས་ཞབས་ཞུའི་ལས་དོན་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱིས་སྐབས་ཐོན་སློབ་ཆེན་སློབ་མ་རྣམས་ལས་ཞུགས་ཡག་པོ་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་།  ད་བར་གྲོང་ཁྱེར་དེ་ཡོངས་ཀྱི་སྐབས་ཐོན་སློབ་ཆེན་སློབ་མ1369ཡི་ནང་ནས་ལྗོངས་ཡོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་གནས་ལ་མིང་འགོད་རྒྱུགས་སྤྲོད་དང་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་འདོད་བློ་ཡོད་མཁན13ཕུད། ལས་ཞུགས་ཀྱི་འདོད་བློ་ཡོད་པའི་སྐབས་ཐོན་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་ཅིང་།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀའི་ཕན་འབྲས་དེ་འདས་པའི་ལོ་མང་པོའི་ཁྲོད་ཀྱི་ལེགས་ཤོས་རེད།

2019ལོའི་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱིས་སྔ་རྗེས་སུ་འབྲེལ་ཡོད་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་།  ལྗོངས་ཡོངས་ཀྱི་སྔོན་ལ་འགོ་ཁྲིད་ལས་བྱེད་པས་གཅིག་གཏད་གཅིག་དང་གཅིག་གཏད་གསུམ་གྱི་ལས་ཞུགས་རོགས་སྐྱོར་གནད་འཕིགས་བྱེད་པའི་ལམ་སྲོལ་བཙུགས་ཏེ།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཕྱོགས་ཡོངས་ནས་ཞབས་ཞུ་སྒྲུབ་ཡོད།  དྲ་ཐོག་དང་དྲ་འོག་མཉམ་དུ་སྐུལ་སྤེལ་དང་ཕྱོགས་གཅིག་ཏུ་ཤུགས་སྣོན་བརྒྱབ་པ་བརྒྱུད།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀར་སྤྱི་ཚོགས་ཁྱོན་ཡོངས་ནས་དོ་ཁུར་བྱེད་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་བྱ་ཐབས་ཤེས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ།  ཀོང་ཏུང་དུ་སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་བྱེད་འདོད་ཡོད་མཁན་རྒྱུན་མཐུད་མང་དུ་ཕྱིན་པ་བཅས་བྱུང་ཡོད།

གཞན་ཡང་།  ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རིམ་པ་དེ་གའི་ནོར་སྲིད་ཀྱི་རོགས་སྐྱོར་ཐེབས་རྩའི་སྒོར་ཁྲི་ཚོ1400དང་ལས་གཏོད་ཁག་ཐེག་དངུལ་བུན་ཐེབས་རྩའི་སྒོར་ཁྲི་ཚོ500བེད་སྤྱོད་ཡག་པོ་བཏང་བ་དང་།  སྲིད་ཇུས་ཀྱི་ཁེ་ཕན་རྒྱུན་མཐུད་ཆེ་རུ་བཏང་ནས་སློབ་ཆེན་སློབ་ཐོན་སློབ་མའི་ཁྲོམ་རར་ལས་ཞུགས་དང་ལྗོངས་ཕྱིར་ལས་ཞུགས།  རང་བདག་ལས་ཞུགས་བཅས་ཀྱི་ཧུར་སེམས་འཕེལ་བ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།