བོད་ལྗོངས་ཀྱིས་གློག་རྡུལ་གནམ་གྲུའི་སྤ་སེར་བརྟེན་ནས་དཔྱིད་གསར་དུས་ཆེན་ལ་ཁྱིམ་དུ་ལོག་མཁན་གྱི་འགྲུལ་པར་སྟབས་བདེ་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན40ཡི་དཔྱིད་གསར་སྐྱེལ་འདྲེན་རིང་། བོད་ལྗོངས་ཀྱི་གནམ་ཐང5ཡིས་གནམ་གྲུར་སྡོད་པའི་གློག་རྡུལ་ངོ་སྤྲོད་མཉམ་དུ་ཁྱབ་སྤེལ་བཏང་སྟེ། གློག་རྡུལ་སྤ་སེའི་ཐབས་ལམ་ཁྱབ་གདལ་ཧུར་ཐག་བཏང་ནས། འགྲུལ་པའི་འགྲོ་སྐྱོད་དེ་བས་སྟབས་བདེ་བ་དང་སྐྱིད་སྣང་དོད་པོ་ཡོང་བའི་འགན་ལེན་བྱས་པ་རེད།

བོད་ལྗོངས་མཁའ་འགྲུལ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། 2020ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། བོད་དང་འབྲེལ་བ་ཡོད་པའི་མཁའ་ལམ་གྱི་འགྲུལ་ཁུངས་ཐད“དུས་ཆེན་གོང་དུ་བོད་ནས་གཅིག་སྡུད་ཐོན་པ་དང་། དུས་ཆེན་རྗེས་སུ་བོད་དུ་གཅིག་སྡུད་ལོག་པའི”ཁྱད་ཆོས་ཡོད། གཞན་ཡང་། འདི་ལོ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་བར་ལ་ཧེ་བག་ཟླ་བ་གཅིག་ཡོད། དེར་བརྟེན། བོད་དུ་གཅིག་སྡུད་ལོག་པའི་སྣང་ཚུལ་ཟླ3པའི་ཟླ་སྟོད་བར་རྒྱུན་མཐུད་ཐུབ་རྒྱུ་ཡིན་པས་སྤ་སེ་དཀོན་པའི་གནས་ཚུལ་མུ་མཐུད་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།

སྔོན་དཔག་ལ་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་རིང་། བོད་ལྗོངས་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི60ཟིན་ནས་ན་ནིང་ལས9.5%འཕར་རྒྱུ་རེད། བོད་ལྗོངས་ཁུལ་ནང་གི་མཁའ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱོན་དུས་ཐེངས་གནམ་གྲུ75དང་རྐུབ་བཀྱག35700མང་དུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ102ཀྱིས་འགྲུལ་པ་གྲོང་ཁྱེར51ལ་སྐྱེལ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།