2019ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་བ་མི་ཐེངས་ཁྲི570ལྷག་སྐྱེལ་འདྲེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡིས་གནམ་གྲུ་འཕུར་ཐེངས52898ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ཤིང་དུས་མཉམ་ལས13.3%འཕར། འགྲུལ་བ་མི་ཐེངས་ཁྲི5750648ལྷག་སྐྱེལ་འདྲེན་བྱས་ཏེ་དུས་མཉམ་ལས8.1%འཕར་ལ། དངོས་ཟོག་ཏུན43624.9སྐྱེལ་འདྲེན་བྱས་ཏེ་དུས་མཉམ་ལས9.2%བཅས་འཕར་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། ན་ནིང་ལྷ་སའི་གོང་དཀར་གནམ་གྲུ་ཐང་གིས་གནམ་གྲུའི་སྐྱེལ་འདྲེན་འཕུར་ཐེངས39017ཟིན་པ་དང་། ལོ་ཧྲིལ་བོར་འགྲུལ་བ་མི་ཐེངས4573121སྐྱེལ་འདྲེན་བྱས་ལ། དངོས་ཟོག་ཏུན39320.2སྐྱེལ་འདྲེན་བྱས། ཆབ་མདོ་སྤང་མདའ་གནམ་གྲུ་ཐང་གིས་གནམ་གྲུའི་སྐྱེལ་འདྲེན་འཕུར་ཐེངས4175ཟིན་པ་དང་། ལོ་ཧྲིལ་བོར་འགྲུལ་བ་མི་ཐེངས373319སྐྱེལ་འདྲེན་བྱས་ལ། དངོས་ཟོག་ཏུན1330.5སྐྱེལ་འདྲེན་བྱས། ཉིང་ཁྲི་སྨན་གླིང་གནམ་གྲུ་ཐང་གིས་གནམ་གྲུའི་སྐྱེལ་འདྲེན་འཕུར་ཐེངས6861ཟིན་པ་དང་། ལོ་ཧྲིལ་བོར་འགྲུལ་བ་མི་ཐེངས557878སྐྱེལ་འདྲེན་བྱས་ལ། དངོས་ཟོག་ཏུན2526.2སྐྱེལ་འདྲེན་བྱས།  མངའ་རིས་ཁུན་ཧྲ་གནམ་གྲུ་ཐང་གིས་གནམ་གྲུའི་སྐྱེལ་འདྲེན་འཕུར་ཐེངས1015ཟིན་པ་དང་། ལོ་ཧྲིལ་བོར་འགྲུལ་བ་མི་ཐེངས90898སྐྱེལ་འདྲེན་བྱས་ལ། དངོས་ཟོག་ཏུན17.7སྐྱེལ་འདྲེན་བྱས། གཞིས་ཀ་རྩེའི་ཞི་བདེ་གནམ་གྲུ་ཐང་གིས་གནམ་གྲུའི་སྐྱེལ་འདྲེན་འཕུར་ཐེངས1795ཟིན་པ་དང་། ལོ་ཧྲིལ་བོར་འགྲུལ་བ་མི་ཐེངས155432སྐྱེལ་འདྲེན་བྱས་ལ། དངོས་ཟོག་ཏུན430.2སྐྱེལ་འདྲེན་བྱས། 

མིག་སྔར། བོད་ལྗོངས་ཀྱིས་བསྡོམས་པས་ལྷ་སའི་གོང་དཀར་དང་། ཆབ་མདའི་སྤང་མདའ། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཁུན་ཧྲ། གཞིས་ཀ་རྩེའི་ཞི་བདེ་བཅས་སྐྱེལ་འདྲེན་གནམ་གྲུ་ཐང5གཉེར་སྐྱོང་བྱེད་བཞིན་ཡོད་དེ། འཕུར་འགན་ལག་བསྟར་བྱེད་བཞིན་པའི་མཁའ་འགྲུལ་ཀུང་ཟི11ཡོད་པ་དང་ལམ་ཐིག101ཡོད། གྲོང་ཁྱེར51ལ་གནམ་གྲུ་ཤར་གཏོང་བྱེད་བཞིན་ཡོད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡིས་ད་ལྟ་ལྷ་སའི་གནམ་གྲུ་ཐངT3འབབ་ཚུགས་འཛུགས་སྐྲུན་བྱེད་བཞིན་པ་ཆབས་ཅིག མཁའ་ཐོག་དོ་དམ་སྒྲིག་ཆས་དང་འཕྲིན་གཏོང་ཕྱོགས་སྟོན་སྒྲིག་ཆས་མུ་མཐུད་དུ་སྒྱུར་བཀོད་དང་འཐུས་ཚང་དུ་གཏོང་བཞིན་ཡོད་དེ། མཁའ་འགྲུལ་སྐྱེལ་འདྲེན་ནུས་པ་ཇེ་ཆེར་བཏང་སྟེ་འཕུར་སྐྱོད་བདེ་འཇགས་ལ་ཁག་ཐེག་བྱེད་བཞིན་ཡོད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།