པ་སྣམ་རྫོང་གིས་གཞིས་རྩེའི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མ་ཁྲི་ཚོ15ལྷག་ལ་སྐྱེ་ལྡན་སྔོ་ཚལ་མཁོ་འདོན་འགན་སྲུང་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། པ་སྣམ་རྫོང་དང་གཞིས་རྩེའི་ཇོ་མོ་གླང་མ་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས།  གཞིས་རྩེ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མ་ཁྲི་ཚོ15ལྷག་ཙམ་ལ་སྐྱེ་ལྡན་སྔོ་ཚལ་མཁོ་འདོན་འགན་སྲུང་བྱ་རྒྱུ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་འཐབ་ཇུས་མཉམ་ལས་བྱེད་པའི་དམིགས་ཡུལ་ནི།  སྲིད་གཞུང་གིས་སྐུལ་འདེད་གཏོང་རྒྱུ་དང་ཁྲོམ་ར་ཅན་གྱི་འཁོར་རྒྱུག་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས།  པ་སྣམ་རྫོང་གི་སྔོ་ཚལ་གཅིག་གྱུར་ཐོག་མཁོ་སྤྲོད་བྲིན་ཚོང་ཐུབ་པ་བྱ་རྒྱུ་དེ་རེད།  པ་སྣམ་རྫོང་ནི་གཞིས་རྩེ་གྲོང་ཁྱེར་ཁོངས་སུ་སྔོ་ཚལ་སོགས་ཞིང་ལས་སྐྱེ་དངོས་ཐོན་ལས་རྟེན་གཞི་ཆེ་ཤོས་ཤིག་ཡིན་པའི་ངོས་ནས།  གཞིས་རྩེ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མ་ཁྲི་ཚོ15ལྷག་ཙམ་ལ་སྐྱེ་ལྡན་སྔོ་ཚལ་མཁོ་འདོན་འགན་སྲུང་བྱེད་རྒྱུ་དང་།  གཞིས་རྩེའི་ཇོ་མོ་གླང་མ་ཞིང་ལས་མ་འཇོག་ཚོགས་པས་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གསོའི་འགན་ལེན་གསུམ་དང་།  དེ་བཞིན་འཚོ་བཅུད་དངོས་ཟོག་འཆར་གཞི་ལྟར་གཅིག་གྱུར་ཐོག་སྡེབ་ཉོ་དང་མཁོ་འདོན་བྱེད་པའི་གཉེར་སྐྱོང་དོ་དམ་གྱི་འགན་འཁུར་གྱི་ཡོད།

2018ལོའི་ལོ་མཇུག་བར་པ་སྣམ་རྫོང་གིས་ཤིང་འབྲས་དང་སྔོ་ཚལ་མུའུ14600བཏབས་པར་ཐོན་ཚད་རྒྱ་མ་ཁྲི་ཚོ8274ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.65ཟིན་ནས།  དབུལ་ཕོངས་མང་ཚོགས4000ལྷག་ཙམ་དབུལ་གྲོལ་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་མ་ཟད་ཐོན་ལས་ཀྱིས་དབུལ་གྲོལ་ལ་ལེགས་སྐྱེས་ཕུལ་ཚད་ཀྱང60%ཟིན་ཡོད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།