བོད་ལྗོངས་གཞིས་རྩེ་རུ་ཁ་བ་ཆེན་པོ་བབས་ནས་གློག་ཤུགས་འགྲིམ་འགྲུལ་རིམ་བཞིན་སླར་གསོ་བྱུང་།

1125478730_15793540441131n.jpg

འདི་ནི་ཟླ1པོའི་ཚེས18ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྫོང་མཁར་དུ་གངས་གསོག་གཙང་སེལ་བྱེད་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས16ཉིན་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་ས་ཁུལ་དུ་ཁ་བ་ཆེན་པོ་བབས་པའི་གནམ་གཤིས་བྱུང་ཞིང་། ཚེས18ཉིན་གྱི་སྔ་དྲོ་སྐྱིད་གྲོང་རྫོང་དང་གཉའ་ལམ་རྫོང་སོགས་ཁ་བ་འབད་ཚད་ཆེ་བའི་ས་ཁུལ་དུ་ཁ་བ་འབབ་མཚམས་བཞག་ནས་སྐྱིད་གྲོང་རྫོང་དང་གཉའ་ལམ་རྫོང་ལ་ཚད་གཞི་མི་འདྲ་བའི་འགྲིམ་འགྲུལ་དང་གློག་གཏོང་མཚམས་ཆད་པའི་གནས་ཚུལ་བྱུང་ཞིང་། མིག་སྔར་མི་སྣ་དང་ཕྱུགས་རིགས་ཤི་རྨས་ཀྱི་སྙན་ཞུ་མེད་པ་དང་། ཁ་བ་འབབ་ཚད་ཆེ་བའི་ས་ཁོངས་སུ་གཞུང་ལམ་མྱུར་བཟོ་དང་གློག་ཤུགས་སླར་གསོ་ལ་འགན་སྲུང་བྱེད་པའི་སྒང་རེད། 

1125478730_15793540441161n.jpg

འདི་ནི་ཟླ1པོའི་ཚེས18ཉིན་ལས་བྱེད་མི་སྣས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་གི་གཞུང་ལམ་གྱི་གངས་གསོག་གཙང་སེལ་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།