དགུན་དུས་བོད་ལ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་པ།

2e0e4c8c-64c8-43b4-a928-8e65b31b0223.jpg.1.jpg

འདི་ནི་ཡུལ་སྐོར་བས་གནམ་ལྕགས་འབར་བའི་ལྗོངས་གཟིགས་སྒང་དུ་དྲན་རྟེན་པར་རྒྱག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར“དགུན་དུས་བོད་ལ་ཡུལ་སྐོར་དུ་སྐྱོད”འགོ་ཚུགས་པ་ནས་བཟུང་། “དགུན་དུས་བོད་ལ་ཡུལ་སྐོར་དུ་སྐྱོད”པའི་རེས་སྐོར་གཉིས་ལ་རིམ་རྩིས་བྱས་ན་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་ཁྲི500ལྷག་ཙམ་ལ་སྣེ་ལེན་ཞུས་པར། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར60ལྷག་ཙམ་ཟིན་ནས་བོད་ཀྱི་ཡུལ་སྐོར་གྱི“ལོ་ཕྱེད་ཀྱི་དཔལ་འབྱོར”གྱི་དཀའ་གནད་བསལ་བ་དང་། དགུན་དུས་བོད་ལ་ཡུལ་སྐོར་དུ་ཡོང་མཁན་གྱི་ཚ་རླབས་འཕྱུར་བ་ལས། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་མྱུར་པོར་རམ་འདེགས་ཐུབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།