ཀུན་ཕན་དངུལ་རྩར་བརྟེན་ནས་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི4000ཡན་ཟིན་པའི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པ་དང་། རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེན་པོ་ཡོད། མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། གཞུང་ཁོངས་དངུལ་རྩའི་སྒྲིག་གཞི་ཆེ་གྲས་ཀྱིས་ཉེ་བའི་ལོ་ཤས་རིང་དཀའ་ངལ་ཁྱད་བསད་དང་རང་འགན་གཙང་སྒྲུབ་བྱས་ཏེ་བོད་རིགས་ས་ཁུལ་དུ་ཀུན་ཕན་དངུལ་རྩའི་ཞབས་འདེགས་གང་ལེགས་ཞུས་པ་རེད། གསར་འགོད་པར་ཚེས16ཉིན་གྱི་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན་གྱི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2019ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་མཐའ་མཚམས་རྫོང་21གི་མཐའ་མཚམས་ཤང(གྲོང་རྡལ)112སུ་སྒྲིག་གཞིའི་དྲ་ཚིགས་292བཙུགས་པ་ལས་དངུལ་ཁང་གི་དྲ་ཚིགས་17ས་བབ་མཐོ་ཚད་སྨི་4800ཡན་གྱི“དཀའ་ཚེགས་ཆེ་བའི་ས་ཁུལ”དུ་བཙུགས་པ་དང་དྲ་ཚིགས་11མཐའ་མཚམས་ཀྱི་སྤྱི་ལེ་10ཡི་ནང་ཚུན་དུ་བཙུགས་པ་དང་དུས་མཚུངས། མཐའ་མཚམས་གྲོང་ཚོའི་སྒོ་རྩིས་ཚོང་ཁང་ཆུང་གྲས་དང་གྲོང་ཚོའི་ཨུ་ལྷན་སོགས་སུ་རྩིས་སྒྱུར་ཁ་པར་དང་POSའཕྲུལ་ཆས་སོགས་གློག་རྡུལ་སྒྲིག་ཆས་བསྒར་ནས་ཞིང་འབྲོག་པས་འདྲི་རྩད་དང་། རྩིས་སྒྱུར། དངུལ་སྨར་ལེན་པ་སོགས་ཀྱི་དངུལ་རྩའི་ལས་སྒོ་གཉེར་བར་སྟབས་བདེ་བསྐྲུན་ཐོག དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་བྱས་པ་དང་དངུལ་རྩའི་དམངས་ཕན་གྱི་སེམས་སྦྲེལ་ཟམ་པ་བཙུགས་པ་རེད།

མིག་སྔར། བོད་ལྗོངས་ཀྱི་ཡིད་རྟོན་དངུལ་བུན་ཞབས་ཞུས་དངུལ་གཡར་མཁན་ལ་སྒོར་3000ནས་ཁྲི་20བར་གྱི་མ་དངུལ་མཉམ་བསྡུའི་དགོས་མཁོ་སྐོང་ཐུབ་པ་དང་། ལྗོངས་ཡོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་པ་90%ཡན་ལ་ཁྱབ་པ་དང་། འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཐད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2ཀྱིས་དམའ་བའི་དངུལ་བུན་སྐྱེད་ཚད་ཀྱི་སྲིད་ཇུས་ལག་ལེན་བསྟར་ཏེ་ཆ་རྐྱེན་ཚང་བའི་དངུལ་བུན་ལ་སྐྱེད་ཀ་དམའ་ཤོས་1.08%ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ལྷུན་རྩེ་རྫོང་དང་སྨན་གླིང་རྫོང་སོགས་མཐའ་མཚམས་ཀྱི་ཤིན་ཏུ་དབུལ་བའི་རྫོང་12ལ་གཙོ་གནད་རྒྱབ་སྐྱོར་བྱས་ཡོད། 2017ལོ་ནས་2019ལོའི་བར་རིམ་རྩིས་བརྒྱབ་ན་འགན་བཅོལ་ལས་རིགས་ཀྱིས་མཐའ་མཚམས་རྫོང་21ལ་སྒོར་དུང་ཕྱུང་3797.77གྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་ཉེན་ཁའི་འགན་བཅོལ་སྣ་ཚོགས་མཁོ་འདོན་བྱས་པས། བསྡོམས་སྒོར་ཁྲི་13391.30སྐྱིན་ཚབ་སྤྲད་དེ་དུད་ཐེངས་ཁྲི་13.37ལ་ཕན་པ་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།