བོད་ལྗོངས་ཀྱིས་བཙོག་ཆུ་གཙང་སེལ་གྱི་ལས་དོན་རྒྱུན་མཐུད་སྤེལ་བས་གྲུབ་འབྲས་བཟང་བོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་བཙོག་ཆུ་གཙང་སེལ་བྱེད་གནས་བཙུགས་པ་དང་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་གྱི་རྗེས་ལུས་རྣམ་པ་ལེགས་བཅོས་བྱུང་བ་དང༌།  སྦགས་བཙོག་འགོག་བཅོས་ཀྱི་འགག་གྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  དེང་སྐབས་བོད་ལྗོངས་སུ་བཙོག་ཆུ་གཙང་སེལ་བྱེད་གནས18སྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང༌།  བཙོག་ཆུ་གཙང་སེལ་བྱེད་གནས14ཚོད་ལྟ་འཁོར་རྒྱུགས་བྱེད་འགོ་ཚུགས་པ།  བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད56སྐྲུན་བཞིན་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བྱེད་ཚད90%ལྷག་ཙམ་ཟིན་པ་དང་།  རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བྱེད་ཚད65%ལྷག་ཙམ་ཟིན་ཡོད།

རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  བོད་ལྗོངས་ཀྱི་བཙོག་ཆུ་གཙང་སེལ་གྱི་རྣམ་གྲངས་འཛུགས་སྐྲུན་ནང་བཙོག་ཆུ་ཕྱིར་བཤངས་ལྕགས་མདོང་དང་མི་བཟོས་འདམ་ར།  ཆུའི་སྤུས་ཚད་ལྟ་བཤེར་ཡོ་ཆས།  ཚོད་ལྟའི་འཁོར་ཁང་སོགས་ཀྱི་སྒྲིག་བཀོད་སྐྲུན་ཟིན་རྗེས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་གྱི་ནུས་པ་ཆེ་རུ་ནུས་ལྡན་འགྲོ་རྒྱུ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་གྱི་རྗེས་ལུས་རྣམ་པ་ལེགས་བཅོས་ནུས་ལྡན་ཐུབ་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གཏོད་རྒྱུར་རྨང་གཞི་འདིངས་ཐུབ་ངེས་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།