ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ1པོའི་ཚེས16ཉིན། སྤྱི་ལོ2020ལོའི་རང་སྐྱོང་ལྗོངས་ཀྱི་དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
བྱེད་སྒོའི་རིང༌བོད་ལྗོངས་ཀྱིས་རིགས་ཁག་ཏུ་གདན་ཞུའི་བྱེད་སྒོ་ཐེངས65སྤེལ་ནས་ལས་ཞུགས་ལས་གནས7300ལྷག་ཙམ་མཁོ་འདོན་བྱེད་རྒྱུ་རེད། བྱེད་སྒོ་ཁྱབ་ཚད་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་ཆེ་གྲས་ཁག་དང་སྤྱི་སྟེགས་སོགས་བརྒྱུད་ནས་སྤྱི་བསྒྲགས་སྤེལ་རྒྱུ་དང་། རིམ་ཁག་མི་སྤྱི་ཚན་པས་ལས་ཞུགས་བྱེད་འདོད་ཡོད་པའི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་པ་དང་ལས་ཞུགས་དཀའ་ངལ་ཡོད་མཁན། ལས་ཞུགས་ཐུབ་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང༌། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ངལ་ནུས་པ། ལས་ཤོར་ཐོ་འགོད་བྱས་པའི་དབང་པོ་སྐྱོན་ཅན་བཅས་ལ་གཅིག་བསྡུས་ཐོག་རོགས་རམ་བྱེད་རྒྱུ་མ་ཟད། ལས་ཞུགས་བྱེད་འདོད་ཡོད་པའི་ལས་ཞུགས་དཀའ་ངལ་ཅན་ལ་ལས་གནས་མཁོ་འདོན་ཡང་བྱེད་རྒྱུ། འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས་ཁེ་ལས་དང་སྡེ་ཁུལ། དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ལ་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་གདན་ཞུའི་བྱེད་སྒོ་སྤེལ་བ། དཔེ་མཚོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་འཚོགས་པ་བཅས་བྱེད་རྒྱུ་ཡིན་པའི་ནང༌། ལྗོངས་ཐད་གཏོགས་ཚན་པས་ཁེ་ལས7ནས10བར་དང༌སྡེ་ཁུལ3ནས5བར་ལ་སྐྱོད་དེ་ལས་ཞུགས་ལས་གཏོད་སྲིད་ཇུས་སྒྲོག་སྦྱངས་དང་ལས་ཞུགས་དཔེ་མཚོན་བྱས་རྗེས་སྙན་ཞུ་སྒྲོན་པའི་བྱེད་སྒོ་སྤེལ་ཏེ། མི་བེད་སྤྱོད་བྱེད་མཁན་ཁེ་ལས་ཁག་གི་དགོས་མཁོ་བསྡུ་རུབ་ཤེས་རྟོགས་བྱེད་རྒྱུ་དང་སྦྲགས་བོད་ལྗོངས་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བའི་ཐོག་གནད་ལ་འཕིགས་པའི་ལས་གནས་ཆ་འཕྲིན་བཀོད་སྤེལ་བྱ་རྒྱུ་རེད།
ད་ལོའི་སྤྱི་ཟླ3པའི་ཟླ་དཀྱིལ་དུ་ལྷ་སར་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཁྱིམ་ཚང་ཁག་ཅིག་ལ་འཚམ་འདྲི་བྱ་རྒྱུ་དང་། དབང་པོ་སྐྱོན་ཅན་བསྡུ་མཁན་ཁེ་ལས་ལ་སྦྱོང་བརྡར་ཁ་གསབ་སྤྲོད་པ་བཅས་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི2020ལོའི་དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི་བྱ་འགུལ་སྤེལ་འགོ་ཚུགས།