བོད་ལྗོངས་ཀྱི2020ལོའི“གཤམ་སྤེལ་ལྔའི”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱི2020ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུའི“གཤམ་སྤེལ་ལྔའི”གཅིག་སྡུད་དཔེ་སྟོན་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོར་འགོ་ཚུགས་པ་དང་། ད་རེས་ཀྱི་བྱེད་སྒོའི་ཐོག“སྐྱིད་ལ་རོལ་དུས་གུང་ཁྲན་ཏང་མི་བརྗེད་པ་དང་ཉི་འོད་ཀྱི་ལམ་དུ་ཕུགས་བསམ་གྱིས་ལམ་སྟོན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་ལས་ལྗོངས་ཡོངས་ཀྱི2020ལོའི“གཤམ་སྤེལ་ལྔའི”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔ་རྗེས་སུ“གཤམ་སྤེལ་ལྔའི”དྲིལ་བསྒྲགས་ཞབས་ཞུ་ཐེངས450ལྷག་ཙམ་སྤེལ་བ་དང་། རིགས220ཡི་དྲིལ་བསྒྲགས་དངོས་པོ་ཁྲི6ལྷག་ཙམ་སྤྲད་པ། དབུལ་སྐྱོར་གྱི་དྲིལ་བསྒྲགས་ལག་དེབ་དང་། ཞིང་ལས་དངོས་རྫས་ཀྱི་ཁེ་དབང་སྲུང་སྐྱོང་གི་ལག་དེབ། བཅའ་ཁྲིམས་ཀྱི་རྒྱུན་ཤེས་ལག་དེབ་སོགས་དེབ་ཁྲི12ལྷག་ཙམ་སྤྲད་པར་རིན་ཐང་སྒོར་ཁྲི77ལྷག་ཙམ་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།