བོད་ལྗོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་1པོའི་ཚེས་10ཉིན།  བོད་རང་སྐྱོང་ལྗོངས་ཀྱི2020ལོའི་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་ཤིང་། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་རིང་ལྷ་ས་མེ་འཁོར་འབབ་ཚིགས་ཀྱིས་“བདེ་འཇགས་ཀྱི་དཔྱིད་གསར་སྐྱེལ་འདྲེན།  རིམ་ལྡན་གྱི་དཔྱིད་གསར་སྐྱེལ་འདྲེན།  སྤྲོ་སྐྱིད་ཀྱི་དཔྱིད་གསར་སྐྱེལ་འདྲེན་བཅས་ལ་བརྟེན་ནས་འགྲུལ་བར་མཛེས་སྡུག་ལྡན་པའི་རོལ་མྱོང་བསྐྲུན་པ”དམིགས་ཡུལ་དུ་བཟུང་སྟེ།  མེ་འཁོར་འབབ་ཚིགས་ཀྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་འགྲུལ་བ་དག་ཡིད་ཚིམ་པར་བྱས་ཡོད།  དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་སའི་མེ་འཁོར་འབབ་ཚིགས་ཀྱིས་མི་ཐེངས་ཁྲི22.05སྐྱེལ་འདྲེན་བྱས་པ་དང་ཉིན་རེར་ཆ་སྙོམས་ཀྱིས་མི་ཐེངས5500སྐྱེལ་འདྲེན་བྱས་པས་དུས་མཉམ་དང་བསྡུར་ན3%གྱི་འཕར་ཡོད། 

1.jpg

ཟླ1པོའི་ཚེས10ཉིན། ལྷ་ས་ནས་ཟི་ལིང་དུ་བསྐྱོད་པའི་འགྲུལ་བ་དག་གོ་རིམ་ལྡན་པའི་ངང་མེ་འཁོར་དུ་འདུག་བཞིན་པ།

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།