ལྷོ་རོང་རྫོང་གིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་བའི་ཚུན་ལ་ལྷོ་རོང་རྫོང་གིས“ཕྱུག་པོར་འགྱུར་འདོད་ན། སྔོན་ལ་ལམ་བཟོ་བ”ཞེས་པའི་བྱ་བའི་ལམ་ཕྱོགས་གཞིར་བཟུང་སྟེ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་ཐད་ཤུགས་བསྣན་པ་དང་། ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་འགན་ལེན་ལས་དོན་བསྒྲུབས་པས་རྫོང་ཡོངས་ཀྱི་འགྲིམ་འགྲུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་ཡོངས་ཀྱི་གཞུང་ལམ་ལམ་ཐག་དེ2016ལོའི་སྤྱི་ལེ1418.9ནས2019ལོར་སྤྱི་ལེ1813.6ལ་ཇེ་མང་དུ་སོང་བ་དང་། ཤང(གྲོང་རྡལ)11གི་ཤར་གཏོང་ཐུབ་ཚད2016ལོའི་72.7%ནས2019ལོའི100%ལ་སླེབས་ཤིང་། གྲོང་སྡེ(གྲོང་ལྷན)66གི་ཤར་གཏོང་ཐུབ་ཚད2016ལོའི48.4%ནས2019ལོའི་78.7% ལ་སླེབས་ལ། རང་བྱུང་གྲོང་ཚོ332ཀྱི་ཤར་གཏོང་ཐུབ་ཚད2016ལོའི་38%ནས་2019ལོར་63.6%བར་འཕར་བ་རེད། 

འགྲིམ་འགྲུལ་མ་ལག་མུ་མཐུད་དུ་ལེགས་བཅོས་སུ་ཕྱིན་པ་བརྒྱུད་དེ། ལྷོ་རོང་རྫོང་གི་མང་ཚོགས་ཕྱིར་བསྐྱོད་ལ་སྔར་ལས་སྟབས་བདེ་དང་། བདེ་འཇགས་བསྐྲུན་པ་དང་། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་ཚོར་སྣང་དང་བདེ་འཇགས་ཚོར་སྣང་མུ་མཐུད་དུ་ཇེ་ཆེར་གྱུར་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།