བོད་ལྗོངས་ཀྱིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི“དགུན་དུས་གསོ་སྦྱོང་བྱ་སྤྱོད”ལག་ལེན་བསྟར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། གསར་འགོད་པར་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ལྗོངས་ཏང་ཨུད་རྩ་འཛུགས་པུས་དགུན་དུས་ཀྱི་ཞིང་དལ་དུས་ཚོད་སྤྱད་དེ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི“དགུན་དུས་གསོ་སྦྱོང་བྱ་སྤྱོད”ལག་ལེན་བསྟར་བ་དང་ཆབས་ཅིག ཉེ་ཆར། ཡུན་ནན་ཞིང་ཆེན་ཐེང་ཁྲུང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སློབ་གླིང་དུ་དུས་ཐེངས་དང་པོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་འཛིན་གྲྭས་ས་གནས་ས་ཐོག་གི་སློབ་ཁྲིད་གཙོ་བོར་བྱས་པ་དང་ཆེད་དོན་སློབ་ཁྲིད་ཞོར་དུ་བྱེད་པ། དེ་མིན་གསར་བརྗེའི་གླུ་གཞས་སྦྱོང་བ་དང་གསར་བརྗེའི་གློག་བརྙན་ལྟ་བ་སོགས་སློབ་ཞོར་བྱེད་སྒོ་སྤེལ་བ་དང་འབྲེལ། རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ནས་དབྱང་ཧྲན་ཀྲོའུ་ཡི་སྙིང་སྟོབས་དང་དེའི་དུས་རབས་ཀྱི་རིན་ཐང་ལ་ཆེད་དོན་ཟུར་ཁྲིད་ཀྱང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།