ཉིང་ཁྲི་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་གནད་སྨིན་ཞབས་འདེགས་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོ་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་ལ་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་གཞི་རྩའི་བྱ་ཐབས་སུ་བྱས་ནས། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་ལེགས་པ་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་1369ནས་ལྗོངས་ཡོངས་ཀྱི་ལས་ཁུངས་བྱ་གཞག་ཚན་པའི་ལས་གནས་ལ་ཐོ་བཀོད་པ་དང་ཞིབ་འཇུག་སློབ་མར་འགྲོ་འདོད་ཡོད་པའི་མི་13ཕུད། ལས་ཞུགས་བྱེད་འདོད་པའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུཌ་ལས་གཏོད་ཀྱི་ལས་དོན་ཕན་འབྲས་ལོ་རྒྱུས་ཀྱི་ཡག་ཤོས་སུ་སླེབས་ཡོད།

2019ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ཞིབ་འཇུག་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། སྔ་རྗེས་སུ་འབྲེལ་ཡོད་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཟོས་ནས་བཏོན་པ། ལྗོངས་ཡོངས་ཀྱི་སྔོན་དུ་འགོ་ཁྲིད་ལས་བྱེད་པས“གཅིག་གཏད་གཅིག”དང“གཅིག་གཏད་གསུམ”གྱི་ལས་ཞུགས་གནད་སྨིན་རོགས་སྐྱོར་ལམ་སྲོལ་བཙུགས་པ་བཅས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཕྱོགས་མང་པོ་ནས་ཞབས་འདེགས་ཞུས་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་རིགས་ཁག་གི་སྨྱན་སྦྱོར་སྐུལ་སློང་གང་ལེགས་བྱས་ནས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས་སྲིད་ཇུས་དང་དཔེ་མཚོན་དྲིལ་བསྒྲགས་རྒྱུན་རྣམ་ཅན་དུ་གྱུར་ཡོད། དྲ་ཐོག་དང་དྲ་ཕྱི་གཉིས་ཀར་སྐུལ་འདེད་དང་ཕྱོགས་གཅིག་ཏུ་ཤུགས་བརྒྱབ་པ་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་བྱ་ཐབས་ཤེས་རྟོགས་ཐུབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་དུ་ལས་ཞུགས་བྱེད་པའི་འདོད་བློ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས“ཆེ་རུ་ཕྱིན་པ་གསུམ”མངོན་འགྱུར་བྱུང་ནས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་གཏོང་དང་། སྤྱི་ཚོགས་ཀྱིས་ལས་ཞུགས་ལ་དོ་ཁུར། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལ་ཧུར་ཐག་ཞུགས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།

དེ་དང་དུས་མཚུངས། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་སྐོར་གྱི་རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་བླང་བྱ་དང་ལེན་ཧུར་ཐག་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མར་དྲ་ཐོག་ཚོང་དོན་དང་SYBསོགས་རིགས་ཁག་གི་ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་ཐེངས་45གཉེར་བར་མཐོ་སློབ་སློབ་ཐོན་སློབ་མ་514ཞུགས་ཡོད། རྒྱལ་ཁབ་ཀྱི་གཞོན་ནུ་ཁྲི་བརྒྱའི་ལྟ་སྦྱོང་འཆར་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་ཉམས་མྱོང་གསོག་པ་དང་ལས་ཞུགས་སྔོན་དཔག་ལུགས་མཐུན་བྱེད་པར་ཁྲིད་སྟོན་བྱས་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལམ་བུ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས། གསར་གཏོད་རྣམ་པར་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་དང་ལས་རིགས་དམིགས་བསལ་སྦྱོང་བརྡར་སྒར་ས་སོགས་གཉེར་བ་ལས་མཐོ་སློབ་སློབ་ཐོན་སློབ་མ་སློབ་གྲྭ་ནས་ལས་གནས་སུ་བསྐྱོད་རྒྱུར་ཁྲིད་སྟོན་ནུས་ལྡན་བྱས་ཡོད།

གཞན་ཡང་། ཉིང་ཁྲི་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ“གཅིག་རེ་ལྔའི”ལས་དོན་ལམ་སྲོལ་བཙུགས་ཏེ། འགོ་ཁྲིད་ལས་བྱེད་པས“གཅིག་གཏད་གཅིག”གིས་ལས་ཞུགས་ལ་རོགས་སྐྱོར་བྱེད་པ། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྱིམ་གཞིས་ཀྱིས་ལས་ཞུགས་ལ་ཁྲིད་སྟོན་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལྟ་སྐུལ་ལམ་སྲོལ་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་གསར་པ་གཏོད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གནས་ཚུལ་ལ་རྗེས་སྙེག་བྱས་ནས་ཁོང་དུ་ཆུད་པར་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གནས་ཚུལ་དང་ཁྱིམ་ཚང་གི་གནས་ཚུལ་སོགས་མིང་དངོས་ལམ་ལུགས་ཀྱི་ཆ་འཕྲིན་ལ་དཔྱད་ཞིབ་བྱས་ནས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རིམ་བཞིན་ལས་ཞུགས་བྱས་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། རིམ་པ་དེ་གའི་ནོར་སྲིད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རྒྱབ་སྐྱོར་མ་དངུལ་སྒོར་ཁྲི་1400དང་ལས་གཏོད་ཁག་ཐེག་དངུལ་བུན་མ་དངུལ་སྒོར་ཁྲི་500བེད་སྤྱོད་ཡག་པོ་བྱས་ཏེ། སྲིད་ཇུས་ཀྱི་གཟིགས་སྐྱོང་རྒྱུན་མཐུད་སྤྲད་ནས་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་དང་། ལྗོངས་ཕྱིར་ལས་ཞུགས། རང་ཚུགས་ལས་ཞུགས་བཅས་བྱེད་པའི་བརྩོན་སེམས་འཕེལ་བར་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།