ནག་ཆུས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་བ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་མེད་དབུ་ཁྲིད་འོག  ནག་ཆུ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་སུ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་ཡག་པོ་ཐོབ་པ་རེད།  

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་སངས་རྒྱས་བཀྲ་ཤིས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན།  ནག་ཆུ་གྲོང་ཁྱེར་གྱིས་འཕེལ་རྒྱས་གཏོང་རྒྱུ་ནི་གནད་དོན་ཐ་དག་ཐག་གཅོད་བྱེད་པའི་འགག་རྩར་རྩིས་པས། 2019ལོར་གྲོང་ཁྱེར་དེ་ཡོངས་སུ་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར158.14ཟིན་ནས་འཕར་ཚད་དུས་མཚུངས་པ་ལས8.8%ཟིན་བཟོ་ཡོད།  གྲོང་ཁྱེར་དེ་ཡོངས་ཀྱིས་ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཏན་ཏིག་སྤེལ་བ་དང་།  སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་པ།  ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱས་པ།  འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་བཅས་བརྒྱུད།  སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱས་པ་དང་།  མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་བྱས་ཏེ།  མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར37000ལྷག་ཙམ་ཟིན་པ་དེ་དུས་མཚུངས་པ་ལས10.5འཕར་བ་དང་།  གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར12000ལྷག་ཙམ་ཟིན་པ་དེ་དུས་མཚུངས་པ་ལས13%འཕར་བ།  རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་རོམ་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་བོད་བྱང་ཐང་གི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཧུར་ཐག་བཏོད་པ་དང་།  ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་ལྟ་ཞིབ་བཅོས་སྒྲིག་ལས་དོན་རྒྱུན་མཐུད་སྤེལ་ནས་སྐྱེ་ཁམས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ།  ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས།  གྱོད་གཞི339གྱོད་ཁོངས་སུ་བཅུག་པ་དང་མི་བརྒྱད་ལ་ཟུར་འཇོག་གི་བྱ་ཐབས་འཛིན་པ།  གྱོད་གཞི279གྱོད་ཐག་བཅད་པ།  མི272ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ།  མི12ཁྲིམས་འཛིན་ཚན་པར་རྩིས་སྤྲོད་བཅས་བྱས་པས་ནག་ཆུའི་ཆབ་སྲིད་སྣང་ཚུལ་ལེགས་སུ་ཕྱིན་པ་དང་།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བས།  གྲོང་ཁྱེར་དེ་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དཔྱད་ཞིབ་ལེགས་པོ་ཐོབ་ཚད90%ཡན་ཟིན་ནས།  ཏང་དང་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཏེ་ཏང་གི་དབུ་ཁྲིད་འོག་ནག་ཆུའི་སྲིད་འཛིན་པའི་རྨང་གཞི་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།