མཐོ་སྒང་གི་བོད་རིགས་མེ་འཁོར་འགོ་གཙོ། བུ་མོ་དཀོན་མཆོག་ཆོས་སྒྲོན།

1.jpg

མེ་འཁོར་མ་བཏང་གོང་དཀོན་མཆོག་ཆོས་སྒྲོན་གྱིས་འཁོར་སྒྲོམ་ནང་སྐོར་ཞིབ་བྱས་བཞིན་པ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། “ཉི་མའི་གྲོང་ཁྱེར”ལྷ་སར་ད་དུང་ཟླ་འོད་ཀྱིས་གཡོགས་ནས་གཉིད་དུ་ཡུར་བའི་སྐབས། མཚོ་བོད་ལྕགས་ལམ་གྱི་ལྷ་ས་ནས་གཞིས་རྩེ་བར་གྱི་བོད་རིགས་མེ་འཁོར་མགོ་འཛིན། བུ་མོ་དཀོན་མཆོག་ཆོས་སྒྲོན་ཟླ་འོད་དང་འགྲོགས་ནས་མེ་འཁོར་བབས་ཚུགས་སུ་བསྐྱོད་དེ་ཉིན་དེའི་འགྲུལ་སྐྱེལ་འགྲོ་འོང་ཐེངས་གཉིས་ཀྱི་གྲ་སྒྲིག་བྱ་བ་བསྒྲུབ་བཞིན་ཡོད།

དཀོན་མཆོག་ཆོས་སྒྲོན་ཝུའུ་ཧན་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་ནས་མཐར་ཕྱིན་རྗེས་མཚོ་བོད་ལྕགས་ལམ་ཀུང་སིར་ལས་ཀ་བགོས་པ་ནས་བཟུང་། ཁོང་གི་ལང་ཚོའི་རྗེས་ཤུལ་ཐོག་མཐའ་བར་གསུམ་དུ་ལྕགས་ལམ་གྱི་ལམ་ཐིག་དང་མཉམ་སྐྱོད་བྱས་ཡོད། 2014ལོར་མཚོ་བོད་ལྕགས་ལམ་སྣུར་སྲིང་ལམ་དུམ་སྟེ་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེ་དུས་དཀོན་མཆོག་ཆོས་སྒྲོན་སྐབས་དེའི་མེ་འཁོར་གཏོང་ཐེངས་དང་པོའི་མེ་འཁོར་གྱི་མགོ་གཙོ་ཡིན་པའི་ཆ་ནས་མེ་འཁོར་ལ་བསྡད་དེ་བོད་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་གཞིས་རྩེར་ཐེངས་དང་པོར་སླེབས། ལྷ་གཞིས་ལྕགས་ལམ་ཡར་ཀླུང་གཙང་པོ་བརྒྱུད་དེ་ཉིན་ལྟར་ཕར་འགྲོ་ཚུར་འོང་བྱེད་པའི་མེ་འཁོར་དེ་གནས་དེའི་མི་རིགས་ཁག་གི་མང་ཚོགས་ཕྱིར་སྐྱོད་པའི་ཆེས་མགྱོགས་པའི་གདམ་ག་ཞིག་ཏུ་གྱུར་ཡོད།

དཀོན་མཆོག་ཆོས་སྒྲོན་གྱིས་བཤད་ན། ལྕགས་ལམ་གྱིས་ས་མཐོའི་མང་ཚོགས་ཀྱི་བྱེད་སྒོ་སྤེལ་རྒྱ་ཆེ་རུ་བཏང་བ་མ་ཟད། བོད་རིགས་གཞོན་ནུ་ཚོར་ལས་ཞུགས་ཀྱི་གོ་སྐབས་གསར་པ་ཡང་མཁོ་འདོན་བྱས་ཡོད། དཀོན་མཆོག་ཆོས་སྒྲོན་བོད་རིགས་བུད་མེད་མེ་འཁོར་གྱི་འགོ་གཙོ་ཞིག་ཡིན་པའི་ངོས་ནས་བོད་རིགས་མང་ཚོགས་དང་འབྲེལ་གཏུག་བྱེད་པར་ཧ་ཅང་སྟབས་བདེ་པོ་ཡོད། ཁོང་གིས་མེ་འཁོར་ཐོག་རྒན་རྒོན་ལ་རང་ཉིད་ཀྱི་འཚར་ལོངས་གཏམ་རྒྱུད་བརྗོད་པ་མ་ཟད། ན་གཞོན་འགྲུལ་པར་ལས་ཀའི་ཉམས་མྱོང་མཉམ་སྤྱོད་ཀྱང་བྱེད་ཀྱི་ཡོད། ཁོང་གིས་ལྕགས་ལམ་དྲ་བ་ས་མཐོར་རིམ་བཞིན་ཤར་གཏོང་ཐུབ་པ་དང་སྦྲགས་བོད་རིགས་མེ་འཁོར་གྱི་འགོ་གཙོ་དང་མེ་འཁོར་གྱི་ཁ་ལོ་བ་དེ་བས་མང་པོ་ཐོན་ནས་ཁོང་ཚོའི་ལས་རིགས་ཀྱི་ཕུགས་བསམ་མངོན་འགྱུར་ཐུབ་རྒྱུ་རེད་ཅེས་བཤད།

2.jpg

ཞོགས་པར། དཀོན་མཆོག་ཆོས་སྒྲོན་གྱིས་མཛེས་འཆོས་སྤྲས་བཞིན་པ།

3.jpg

 དཀོན་མཆོག་ཆོས་སྒྲོན་གྱིས་འགྲུལ་པ་དང་ཁ་བརྡ་བྱེད་བཞིན་པ།

4.jpg

དཀོན་མཆོག་ཆོས་སྒྲོན་གྱིས་མེ་འཁོར་ཞབས་ཞུ་བར་གླེང་མོལ་བྱེད་བཞིན་པ།  

5.jpg

མེ་འཁོར་མ་བཏང་གོང་དཀོན་མཆོག་ཆོས་སྒྲོན་དང་མེ་འཁོར་ཞབས་ཞུ་བ་གཉིས་ཀྱིས་མཉམ་དུ་མེ་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

6.jpg

དཀོན་མཆོག་ཆོས་སྒྲོན་(གཡོན)གྱིས་ལས་རོགས་དང་གླེང་མོལ་བྱེད་བཞིན་པ།

7.jpg

དཀོན་མཆོག་ཆོས་སྒྲོན་གྱིས་ལས་རོགས་ཚོ་དང་མཉམ་དུ་འགྲུལ་པ་རླངས་འཁོར་ལས་འབབ་རོགས་བྱེད་བཞིན་པ།

8.jpg

དཀོན་མཆོག་ཆོས་སྒྲོན་གྱིས་མེ་འཁོར་གྱི་རྡོག་ཁྲེས་འཇོག་སེར་ཞིབ་བཤེར་བྱེད་བཞིན་པ།  

9.jpg

དཀོན་མཆོག་ཆོས་སྒྲོན་གྱིས་མེ་འཁོར་ཐོག་འཚོང་བཞིན་པའི་བཟའ་བཅའི་སྤུས་ཚད་འགན་ལེན་དུས་ཚོད་ལ་ཞིབ་བཤེར་བྱེད་བཞིན་པ།

10.jpg

  དཀོན་མཆོག་ཆོས་སྒྲོན་གྱིས་ལག་པར་བརྟེན་ནས་ལས་གྲོགས་དང་འབྲེལ་གཏུག་བྱེད་བཞིན་པ།  

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།